17764
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཕགས་པ་དགེ་བའི་རྩ་བ་ཡོངས་སུ་འཛིན་པའི་མདོ་ལས་བྱུང་བ་སྟེ། ༡ ལུས་ལ་ལུས་ཀྱི་རྗེས་སུ་བལྟ་བར་བྱའི། ལུས་དང་ལྡན་པའི་རྟོག་པས་བརྟག་པར་མི་བྱ་བ་ཡིན། ༢ ཚོར་བ་རྣམས་ལ་ཚོར་བའི་རྗེས་སུ་བལྟ་བར་གནས་པར་བྱའི། ཚོར་བ་དང་ལྡན་པའི་རྟོག་པས་བརྟག་པར་མི་བྱ་བ་ཡིན། ༣ སེམས་ལ་སེམས་ཀྱི་རྗེས་སུ་བལྟ་བར་གནས་པར་བྱའི། སེམས་དང་ལྡན་པའི་རྟོག་པས་བརྟག་པར་མི་བྱ་བ་ཡིན། ༤ ཆོས་ལ་ཆོས་ཀྱི་རྗེས་སུ་བལྟ་བར་བྱའི། ཆོས་དང་ལྡན་པའི་རྟོག་པས་བརྟག་པར་མི་བྱ་བ་ཡིན་ནོ། ། |
| Domain | ཆོས་ལུགས། |