17766
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཕགས་པ་དགེ་བའི་རྩ་བ་ཡོངས་སུ་འཛིན་པའི་མདོ་ལས་བྱུང་བ་སྟེ། ༡ ཏིང་ངེ་འཛིན་དེ་ཐོབ་པར་བྱ་བའི་ཕྱིར་བརྩོན་འགྲུས་བརྩམས་པ་ཡིན་ཞིང་བརྩོན་པ་མི་གཏོང་བའང་ཡིན། ༢ ཉིན་མཚན་ཉིད་དུ་འཆར་བ་ལྷུར་ལེན་པས་འདུག་པ་ན་བྱང་ཆུབ་ཀྱི་སྙིང་པོ་མཆོག་ན་བཞུགས་པའམ། ཆོས་ཀྱི་འཁོར་ལོ་བསྐོར་བའི་དེ་བཞིན་གཤེགས་པ་དེ་དག་མངོན་དུ་བྱེད་ཅིང་ཆོས་ལ་སེར་སྣའང་མེད་པ་ཡིན། ༣ ཆོས་ཀྱི་སྦྱིན་པའང་སྦྱིན་པར་བྱེད་ཅིང་བདག་ཉིད་དང་ཆོས་ཉན་པ་དེ་དག་དེ་བཞིན་གཤེགས་པའི་སྐུ་དག་ཏུ་བྱིན་གྱིས་རློབ་པར་བྱེད་ལ་རང་གི་ལུས་རྣམ་པར་འཇིག་པར་བྱེད་ཀྱང་གང་ལའང་མི་གནས་པ་ཡིན་ཞིང་མི་གནས་པ་བཞིན་ཆོས་སྟོན་པར་བྱེད་པ་ཡིན། ༤ དེ་གནས་པ་དང་དེ་ལྟ་བུ་དང་། སྤྱོད་ཡུལ་དེ་ལྟ་བུ་དང་། བྱིན་གྱིས་རླབས་དེ་ལྟ་བུར་བྱས་ནས་སྟན་དེ་ལ་འདུག་པར་བྱེད་ཅིང་། འདུག་ནས་ཀྱང་ཆོས་ཀྱི་སྦྱིན་པ་སྦྱིན་པར་བྱེད་པ་ཡིན་ཏེ། ཏིང་ངེ་འཛིན་དེ་ཐོབ་པར་འགྱུར་རོ། ། |
| Domain | ཆོས་ལུགས། |