17774

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་ཐམས་ཅད་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བའི་མཚན་ཉིད་རྣམ་པ་གཉིས་ (1)
Part of speech མིང་ཚིག
Definition འཕགས་པ་ལངྐར་གཤེགས་པའི་མདོ་ལས་བྱུང་བ་སྟེ། ༡ ཕྱིའི་རྟེན་ཅིང་འབྲེལ་བར་འབྱུང་བ་ནི། འཇིམ་པའི་གོང་བུ་དང༌། ལག་ཟུངས་དང༌། འཁོར་ལོ་དང༌། སྲད་བུ་དང༌། ཆུ་དང༌། མིའི་ནན་ཏན་ལ་སོགས་པའི་རྐྱེན་རྣམས་ཀྱིས་རྫ་མ་འབྱུང་ངོ་། །ཇི་ལྟར་འཇིམ་པའི་གོང་བུ་ལས་རྫ་མ་འབྱུང་བ་དེ་བཞིན་དུ་ཐག་པ་ལས་སྣམ་བུ་དང༌། རྩི་སྐུད་ལས་རེ་ལྡེ་དང༌། ས་བོན་ལས་མྱུ་གུ་དང༌། སྲུབ་མ་ལ་སོགས་པ་མིའི་ནན་ཏན་དང༌། ཞོ་ལས་མར་འབྱུང་བ་འདི་ནི། ཕྱིའི་རྟེན་ཅིང་འབྲེལ་བར་འབྱུང་བ་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མར་འབྱུང་བའོ། ། ༢ དེ་ལ་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་ནི། མ་རིག་པ་དང༌། སྲེད་པ་དང༌། ལས་དང༌། ཆོས་འདི་དག་ལ་སོགས་པ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་བའི་མིང་འཐོབ་བོ། །འདི་དག་ལས་སྐྱེས་པའི་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་ཅེས་བྱ་བའི་ཆོས་དེ་དག་ཀྱང་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་བའི་མིང་འཐོབ་སྟེ། དེ་དག་ནི་ཁྱད་པར་མེད་པ་བྱིས་པ་རྣམས་ཀྱིས་བརྟགས་སོ། །
Domain ཆོས་ལུགས།