17790

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་ཐམས་ཅད་བྱང་ཆུབ་སེམས་ཀྱི་ཀློང་དུ་བཟླ་བར་བསྟན་པ་ལ་ཉི་ཤུ་ (1)
Part of speech མིང་ཚིག
Definition མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་བཞི་པ་ལས་བྱུང་བ་སྟེ། ༡ གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་ཉིད་མཁན་ཀློང་བློ་ལས་འདས་པར་ལ་བཟླ་བ། ༢ དེ་ལྟར་རྟོགས་པའི་རྣལ་འབྱོར་པ་དེ་རྟོགས་པ་ཆུ་བོའི་རྒྱུན་གྱི་རྣལ་འབྱོར་ལ་གནས་པས་འཁོར་བ་མིང་མེད་དུ་སངས་རྒྱས་པར་བསྟན་པ། ༣ རིག་པའི་ངོ་བོ་གང་དུའང་གྲུབ་བསལ་མེད་པས་སྐྱོན་ཡོན་གྱི་བླང་དོར་མེད་ཅིང་རྒྱུ་འབྲས་ལས་འདས་པར་ལ་བཟླ་བ། ༤ རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པའི་རིག་པ་རྟོགས་པའི་འབྲས་བུའི་རྣགས་ཚད་ངེས་པ། ༥ རིག་པ་རྒྱུ་རྐྱེན་ལས་འདས་པར་བསྟན་པ། ༦ འཁོར་འདས་རིག་པའི་ངང་དུ་དབྱེར་མེད་མཉམ་རྫོགས་ཆེན་པོར་ལ་བཟླ་བ། ༧ རྟོགས་མ་རྟོགས་མེད་པར་ལ་བཟླ་བ། ༨ ཐབས་ཤེས་ཀྱི་གནད་ལ་མི་བརྟེན་པར་ལ་བཟླ་བ། ༩ བསམ་འདས་མཐའ་མེད་ལས་འདས་པར་ལ་བཟླ་བ། ༡༠ རིག་པ་ཐིག་ལེ་ཉག་གཅིག་ཆོས་སྐུ་རྗེན་པར་ལ་བཟླ་བ། ༡༡ འཁྲུལ་པ་མིང་མེད་ཆེན་པོར་ལ་བཟླ་བ། ༡༢ མཐའ་གྲོལ་ཀློང་ཡངས་ཆེན་པོར་ལ་བཟླ་བ། ༡༣ ད་ནི་རྟོགས་པ་མཁའ་མཉམ་ཡངས་པས་ཆོས་ལ་བྱར་མེད་ཆེན་པོར་བཟླ་བ་ལས། གཤིས་མངོན་དུ་གྱུར་པས་ཆོས་ཟད་བློ་འདས་ཆེན་པོར་ལ་བཟླ་བ། ༡༤ རེ་དོགས་བློ་འདས་སུ་རྟོགས་པས་བློ་བདེ་ཁོངས་ཡང་ཆེན་པོར་ལ་བཟླ་བ། ༡༥ ཡིད་ལ་བྱར་མེད་ཡེ་ཟད་ཆེན་པོར་རྟོགས་པས་བློའི་དམིགས་བསམ་སྤྲོ་བསྡུ་ལས་འདས་པར་ལ་བཟླ་བ། ༡༦ རིག་པ་སྒྲིབ་མེད་ཟང་གར་རྟོགས་པས་བྲལ་ཐོབ་མེད་པར་ལ་བཟླ་བ། ༡༧ ཆོས་ཟད་རྒྱ་གྲོལ་ཕྱམ་གདལ་དུ་རྒོས་པས་གང་ལ་ཡང་རྩིས་མེད་རང་ཡན་དུ་ལ་བཟླ་བ། ༡༨ རྟོགས་པ་དེ་དག་གི་རང་བཞིན་གསལ་བར་བཤད་པ། ༡༩ རྟོགས་པ་ཁོང་ནས་ཤར་བའི་རྣལ་འབྱོར་པ་ལ་གང་ཤར་འདེམ་ཀ་མེད་པ་ཆོས་ཉིད་དུ་གྲོལ་བར་བསྟན་པ། ༢༠ ཐ་མལ་རང་བབས་ཀྱི་སྣང་བར་སྤྱོད་པ།
Domain ཆོས་ལུགས།