17802
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཕགས་པ་སངས་རྒྱས་ཀྱི་སྟོབས་བསྐྱེད་པའི་ཆོ་འཕྲུལ་རྣམ་པར་འཕྲུལ་པ་བསྟན་པའི་མདོ་ལས་བྱུང་བ་སྟེ། སངས་རྒྱས་བཅོམ་ལྡན་འདས་ཆོས་ཀྱི་དབྱིངས་ལ་གནས་ཤིང་ཡེ་ཤེས་ཀྱི་རྗེས་སུ་སངས་རྒྱས་པ་ལ་གནས་པ། སངས་རྒྱས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་ལ་གནས་པ། སངས་རྒྱས་བཅོམ་ལྡན་འདས་ཇི་ལྟར་སྨོན་ལམ་གྱིས་འབྱུང་བ་ལ་གནས་པ། སངས་རྒྱས་བཅོམ་ལྡན་འདས་སེམས་ཅན་ཡོངས་སུ་མི་གཏོང་ཞིང་འདུལ་བ་ལ་གནས་པ། སངས་རྒྱས་བཅོམ་ལྡན་འདས་ངོ་བོ་མེད་པ་ལ་རབ་ཏུ་གནས་པའི་ཆོས་ཉིད་ལ་རབ་ཏུ་གནས་པ། སངས་རྒྱས་བཅོམ་ལྡན་འདས་དོན་མེད་པ་མ་ཡིན་པ་དང༌། དེ་བཞིན་གཤེགས་པ་རྣམས་ལ་སྐལ་པ་མཉམ་པ་མ་ཡིན་པར་གནས་པ། སངས་རྒྱས་བཅོམ་ལྡན་འདས་རྟག་ཏུ་སེམས་མཉམ་པ་ལ་གནས་པ། སངས་རྒྱས་བཅོམ་ལྡན་འདས་ཆོས་ཐམས་ཅད་མཉམ་པའི་དབང་པོ་ལ་གནས་པ། སངས་རྒྱས་བཅོམ་ལྡན་འདས་སེམས་ཆགས་པ་མེད་པར་སྤྱོད་པ་ལ་གནས་པ། སངས་རྒྱས་བཅོམ་ལྡན་འདས་ཆོས་ཐམས་ཅད་མཉམ་ཉིད་ལ་འཇུག་ཅིང་མི་འཇིགས་པ་ཡང་དག་པའི་མཐའི་མཚན་ཉིད་ལ་གནས་པའོ། ། |
| Domain | ཆོས་ལུགས། |