17805

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་ཐམས་ཅད་ལ་སྒྲ་ཇི་བཞིན་དུ་མངོན་པར་ཞེན་པའི་མཚམས་སྦྱོར་བ་རྣམ་པ་བཅུ་གཅིག་ (1)
Part of speech མིང་ཚིག
Definition ལང་གཤེགས་མདོ་ལས་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་སྙིང་པོའི་མདོ་ལས་བྱུང་བ་སྟེ། ༡ མཚན་ཉིད་ལ་མངོན་པར་ཞེན་པའི་མཚམས་སྦྱོར་བ། ༢ རྐྱེན་ལ་མངོན་པར་ཞེན་པའི་མཚམས་སྦྱོར་བ། ༣ དངོས་པོ་དང་དངོས་པོ་མེད་པ་ལ་མངོན་པར་ཞེན་པའི་མཚམས་སྦྱོར་བ། ༤ སྐྱེ་བ་དང་མི་སྐྱེ་བར་མངོན་པར་ཞེན་པའི་མཚམས་སྦྱོར་བ། ༥ འགོག་པ་མ་ཡིན་པར་རྣམ་པར་རྟོག་པ་མངོན་པར་ཞེན་པའི་མཚམས་སྦྱོར་བ། ༦ ཐེག་པ་དང་ཐེག་པ་མ་ཡིན་པར་རྣམ་པར་རྟོག་པ་མངོན་པར་ཞེན་པའི་མཚམས་སྦྱོར་བ། ༧ འདུས་བྱས་དང་འདུས་མ་བྱས་སུ་རྣམ་པར་རྟོག་པ་མངོན་པར་ཞེན་པའི་མཚམས་སྦྱོར་བ། ༨ ས་དང་སའི་རང་གི་མཚན་ཉིད་ལ་རྣམ་པར་རྟོག་པ་མངོན་པར་ཞེན་པའི་མཚམས་སྦྱོར་བ། ༩ རང་གི་རྣམ་པར་རྟོག་པ་ལ་བར་ཆད་མེད་པ་ཡོད་པར་རྣམ་པར་རྟོག་པ་མངོན་པར་ཞེན་པའི་མཚམས་སྦྱོར་བ། ༡༠ ཡོད་པ་དང་མེད་པའི་ཕྱོགས་སུ་སྟེགས་ཅན་གྱི་གནས་ལ་རྣམ་པར་རྟོག་པ་མངོན་པར་ཞེན་པའི་མཚམས་སྦྱོར་བ། ༡༡ ཐེག་པ་གསུམ་དང་། ཐེག་པ་གཅིག་ལ་བར་ཆད་མེད་པ་ཡོད་པར་རྟོག་པ་མངོན་པར་ཞེན་པའི་མཚམས་སྦྱོར་བ་བཅས་སོ། །
Domain ཆོས་ལུགས།