17820

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་དཀོན་མཆོག་ (1)
Part of speech མིང་ཚིག
Definition མདོ། བཀྲས་ལྷུན་ཐོས་གླིང་ཡིག་ཆར། གདུལ་བྱའི་སྐྱབས་གནས་གང་ཞིག བསམ་མེད་གཉིས་མེད་ཅེས་སོགས་ཀྱི་སྐབས་ནས་དངོས་སུ་བསྟན་པའི་ཡོན་ཏན་བརྒྱད་ལྡན་གྱི་རིགས་སུ་གནས་པས་རབ་ཏུ་ཕྱེ་བ་དེ། ཐེག་ཆེན་གྱི་ཆོས་དཀོན་མཆོག་གི་མཚན་ཉིད། འདི་ལ་ཀུན་རྫོབ་པའི་ཆོས་དཀོན་མཆོག་དང༌། དོན་དམ་པའི་ཆོས་དཀོན་མཆོག་གཉིས་སུ་བཤད། དང་པོ་ནི། ལུང་གི་ཆོས་དཀོན་མཆོག་ལྟ་བུ་སྟེ། བཏགས་པ་བ་ཡིན། གཉིས་པ་ནི། ཐེག་ཆེན་གྱི་འགོག་ལམ་གྱི་བདེན་པ་ལྟ་བུ་དེ། མཚན་ཉིད་པ་ཡིན། ས་མཚམས་ཐེག་ཆེན་འཕགས་པ་མཐའ་དག་གི་རྒྱུད་ལ་ཡོད།
Domain ཆོས་ལུགས།

{{#arraymap:ཆོས་དཀོན་མཆོག་

|; |@@@ | | }}

ཆོས་དཀོན་མཆོག་ (2)
Part of speech མིང་ཚིག
Definition བཀྲས་ལྷུན་དཀྱིལ་ཁང་ཡིག་ཆར། བསམ་དུ་མེད་པ་ལ་སོགས་པའི་ཡོན་ཏན་བརྒྱད་གང་རུང་དང་ལྡན་པའི་འཕགས་རྒྱུད་ཀྱི་རྣམ་བྱང་བདེན་པར་དམིགས་པ། དེ་ལ་དབྱེ་ན། འགོག་བདེན་དང། ལམ་བདེན་གཉིས་སུ་ཡོད། ས་མཚམས། མཐོང་ལམ་ནས་སངས་རྒྱས་ཀྱི་སའི་བར་ན་ཡོད།

{{#arraymap:ཆོས་དཀོན་མཆོག་

|; |@@@ | | }}

ཆོས་དཀོན་མཆོག་ (3)
Part of speech མིང་ཚིག
Definition བཀྲས་ལྷུན་ཤར་རྩེའི་ཡིག་ཆར། བསམ་དུ་མེད་པ་ལ་སོགས་པའི་ཡོན་ཏན་བརྒྱད་པོ་གང་རུང་དང་ལྡན་པའི་འཕགས་རྒྱུད་ཀྱི་རྣམ་བྱང་བདེན་པ། ཆོས་དཀོན་མཆོག་གི་མཚན་ཉིད། ཡོན་ཏན་བརྒྱད་ནི། འགོག་བདེན་གྱི་ཡོན་ཏན་གསུམ། ལམ་བདེན་གྱི་ཡོན་ཏན་གསུམ། དབྱེ་གཞི་འགོག་བདེན་གྱི་ཡོན་ཏན་དང༌། དབྱེ་གཞི་ལམ་བདེན་གྱི་ཡོན་ཏན་དང་བརྒྱད་ལ་བྱེད་པ་ཡིན། འགོག་བདེན་གྱི་ཡོན་ཏན་གསུམ་ནི། རྟོག་གེའི་བློས་ཇི་ལྟ་བ་བཞིན་དུ་བསམ་དུ་མེད་པའི་ཡོན་ཏན། རང་ཉིད་ཐོབ་བྱེད་ཀྱི་ཐབས་སུ་གྱུར་པའི་བར་ཆད་མེད་ལམ་གྱི་ངོ་སྐལ་གྱི་སྤང་བྱར་གྱུར་པའི་ལས་ཉོན་གཉིས་མེད་པའི་ཡོན་ཏན། རང་ཡུལ་མངོན་སུམ་དུ་རྟོགས་པའི་འཕགས་རྒྱུད་ཀྱི་མཉམ་གཞག་ཡེ་ཤེས་ཀྱི་གཟིགས་ངོར། ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་མེད་པའི་ཡོན་ཏན་གསུམ་ལ་བྱེད་པ་ཡིན། ལམ་བདེན་གྱི་ཡོན་ཏན་གསུམ་ནི། རང་ཉིད་ཐོབ་བྱེད་ཀྱི་ཐབས་སུ་གྱུར་པའི་བར་ཆད་མེད་ལམ་གྱི་ངོ་སྐལ་གྱི་སྤང་བྱར་གྱུར་པའི་སྒྲིབ་པ་ལས་གྲོལ་བའི་ཡོན་ཏན། དེ་ཁོ་ན་ཉིད་གསལ་བའི་ཡོན་ཏན། རང་གི་ངོ་སྐལ་གྱི་སྤང་བྱར་གྱུར་པའི་སྒྲིབ་པའི་གཉེན་པོ་བྱེད་པའི་ཡོན་ཏན་གསུམ་ལ་བྱེད་པ་ཡིན་ཏེ། དེ་ལྟར་ཡང་ཐེག་ཆེན་རྒྱུད་བླ་མ་ལས། བསམ་མེད་གཉིས་མེད་རྟོག་མེད་པས། །དག་གསལ་གཉེན་པོའི་ཕྱོགས་ཉིད་ཀྱིས། །གང་ཞིག་གང་གིས་ཆགས་བྲལ་བ། །བདེན་གཉིས་མཚན་ཉིད་ཅན་དེ་ཆོས། །ཞེས་གསུངས་པའི་ཕྱིར།

{{#arraymap:ཆོས་དཀོན་མཆོག་

|; |@@@ | | }}

ཆོས་དཀོན་མཆོག་ (4)
Part of speech མིང་ཚིག
Definition རེད་མདའ་བའི་རྣམ་བཤད་ཉི་མའི་འོད་ཟེར་ལས། རྒྱུད་བླ་མར། བསམ་མེད་གཉིས་མེད་རྟོག་མེད་པ། །དག་གསལ་གཉེན་པོའི་ཕྱོགས་ཉིད་ཀྱི། །གང་ཞིག་གང་གིས་ཆགས་བྲལ་བ། །བདེན་གཉིས་མཚན་ཉིད་ཅན་དེ་ཆོས། །ཞེས་པར་ལྟར། ཡོན་ཏན་བརྒྱད་དང་ལྡན་པ་རྣམ་བྱང་གི་བདེན་པ་གཉིས་ཀྱི་མཚན་ཉིད་ཅན་ནི་ཆོས་དཀོན་མཆོག་གོ ། དེ་ལ་བསམ་མེད། གཉིས་མེད། རྟོག་མེད་གསུམ་ནི་གང་ཞིག་ཆགས་པ་དང་བྲལ་བ་འགོག་པའི་བདེན་པ་སྟེ། མུ་བཞིར་རྟོག་གེས་བརྟག་པར་མི་ནུས་པའི་ཕྱིར་དང། ལས་དང་ཉོན་མོངས་པ་གཉིས་མེད་པའི་ཕྱིར་དང། ཚུལ་མིན་ཡིད་བྱེེད་ཀྱི་རྣམ་རྟོག་མེད་པའི་ཕྱིར་རོ། །དག་གསལ་གཉེན་པོའི་ཕྱོགས་གསུམ་ནི། གང་གིས་ཆགས་པ་དང་བྲལ་བ་ལམ་གྱི་བདེན་པ་སྟེ། མི་མཐུན་ཕྱོགས་དང་བྲལ་བས་རྣམ་པར་དག་པ་དང། ཇི་ལྟ་ཇི་སྙེད་ཀྱི་ཤེས་བྱའི་དེ་ཁོ་ན་ཉིད་གསལ་བར་བྱེད་པ་དང། གནས་ལུགས་མཐོང་བའི་གེགས་མུན་པའི་གཉེན་པོ་བྱེད་པས་སོ། །ཞེས་གསུངས་པ་དང་།

{{#arraymap:ཆོས་དཀོན་མཆོག་

|; |@@@ | | }}