17842

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་དཔལ་ཞིང་བློ་བཟང་རྒྱ་མཚོ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་བཞི་པ་ཕྱི་ལོ་ ༡༨༥༥ ལོ་ཡན་མན་ལ་མདོ་སྨད་ཅོ་ནེའི་ཡུལ་གྱི་དཔོན་རིགས་ཤིག་གི་ཁྱིམ་དུ་འཁྲུངས། རབ་བྱུང་བཅོ་ལྔ་པའི་ཆུ་ཕག་ཕྱི་ལོ་ ༡༩༢༣ ལོར་སྐུ་གཤེགས། གཞོན་དུས་སུ་ཞང་ལྷ་པ་ཆེན་པོའི་མདུན་ནས་གསན་སྦྱོང་གི་དབུ་བཙུགས། བཅུ་གསུམ་པར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས། ལོ་ངོ་བཅུ་ཕྲག་གསུམ་ཙམ་རིང་མདོ་སྔགས་ཀྱི་གཞུང་རྣམས་སྦྱངས། ཅོ་ནེའི་དབུ་བླ་མངའ་རིས་མཁས་སྤྲུལ་ནམ་མཁའ་རྒྱལ་མཚན་ལས་སྙན་ངག་མེ་ལོང་གསན། འཇམ་བཞད་སྐུ་ཕྲེང་བཞི་པ་དང་། ཐུའུ་བཀྭན་མཆོག་སྤྲུལ་ལའང་ཆོས་འབྲེལ་ཞུས། སོག་ཡུལ་གོ་དན་གྱི་གདན་སར་ཕག་མོའི་གནས་ཁང་མཇལ་བར་ཕེབས། སྐུ་འབུམ་བྱམས་པ་གླིང་དུ་མཇལ་སྐོར་དུ་ཕེབས། བཀྲ་ཤིས་འཁྱིལ་དུ་མདོ་སྔགས་ཀྱི་འཆད་ཉན་མང་དུ་མཛད། པཎ་ཆེན་རིན་པོ་ཆེའི་བཀའ་ལྟར་བཀྲ་ཤིས་ལྷུན་པོར་བྱོན། རྒྱལ་བ་ཐུབ་བསྟན་རྒྱ་མཚོའི་གསུང་བཞིན་བཀའ་འགྱུར་ཞུ་དག་མཛད་པོར་ཕེབས། དགེ་བཤེས་ཤེས་རབ་རྒྱ་མཚོས་བཀའ་འགྱུར་ཞུ་དག་མཛད་འཕྲོའི་རྒྱུན་བསྐྱངས། རབ་བྱུང་བཅོ་ལྔ་པའི་ཆུ་ཕག་ཕྱི་ལོ་ ༡༩༢༣ ལོར་སྐུ་གཤེགས། སློབ་མ་གྲགས་ཆེ་བ་ནི་ཞབས་དྲུང་ངག་དབང་རྒྱ་མཚོ། བསྟན་འཛིན་འཕྲིན་ལས། ཀླུ་འབུམ་ཤེས་རབ་རྒྱ་མཚོ། དགའ་རབ་རྗེ་དྲུང་བློ་བཟང་ཚུལ་ཁྲིམས་བཅས་ཡིན། གསུང་རྩོམ་ནི་ཚད་མའི་སྐོར་དང་། གཏམ་ཚོགས། བསྟོད་ཚོགས། ཆབ་ཤོག་བཅས་པོ་ཏི་ཆུང་ངུ་གཅིག་ཏུ་བཞུགས།