17845
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྟག་ལུང་མར་ཐང་རི་བོ་ཆེའི་ཁྲི་རབས་བཅུ་བདུན་པ། རབ་བྱུ་བཅུ་གསུམ་པའི་མེ་རྟ་ཕྱི་ལོ་ ༡༧༨༦ ལོར་འབེ་ཆེན་ཁར་གྲུ་པ་དཔོན་ཚང་དུ་སྐུ་འཁྲུངས། གསེར་བུམ་དཀྲུག་འདོན་བརྒྱུད། འཕགས་མཆོག་གི་སྤྲུལ་སྐུར་གཏན་ཁེལ་བྱས་ཏེ། རི་བོ་ཆེ་རུ་གདན་དྲངས། ཕྱི་ནང་གི་རིག་པའི་གནས་ཀུན་ལ་གསན་སྦྱངས་ཀྱིས་མངའ་རྙེད་པར་མཛད་དེ་བརྟེ་དགེ་སློང་གི་དངོས་པོ་བསྒྲུབས། དཔལ་རི་བོ་ཆེའི་ཆོས་ཁྲི་ལ་བཞུགས། ཇོ་བོ་ཤཱཀྱ་མུ་ནེའི་གསེར་སྐུ་དང་རྗེ་བཙུན་སངས་ཀྱི་དབོན་གྱི་འདྲ་སྐུ་སོགས་རྟེན་བཞེངས་དང་། ཆོས་འཁོར་རྒྱ་ཆེན་མཛད་ཅིང་། ཕྱི་རབས་ཀྱི་གདུལ་བྱ་ལ་གསུང་རྩོམ་པོད་བཞི་བཞག་སྟེ། ཉིད་ཀྱི་དགུང་གྲངས་ཞེ་བཞི་པ་ས་གླང་ཕྱི་ལོ་ ༡༨༢༩ ལོར་སྐུ་གཤེགས། |