17849
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། མ་ཧཱ་ཡོ་ག རྙིང་མ། ཆོས་དབྱིངས་བྱང་ཆུབ་ཀྱི་སེམས་ནི། གསང་སྔགས་རྡོ་རྗེ་ཐེག་པའི་རྫོང་འཕྲང་སྲོག་གསུམ་གྱི་ཡ་གྱལ་དུ་གྱུར་པའི་སྲོག་སྟེ། འདིའི་མིང་གི་རྣམ་གྲངས་ལ། འཁོར་འདས་ཐམས་ཅད་ལ་ཁྱབ་པའི་སྲོག་དང་། རང་བཞིན་ལྷུན་གྱིས་གནས་པའི་སྲོག གཉུག་མ་རྡོ་རྗེའི་སྲོག་བཅས་སུ་གྲགས་ཏེ། བཀའ་བརྒྱད་རྣམ་བཤད་ལས། གསུམ་པ་སྲོག་ཅེས་བྱ་བ་ནི། ཆོས་དབྱིངས་བྱང་ཆུབ་ཀྱི་སེམས་ནི་འཁོར་འདས་ཐམས་ཅད་ལ་ཁྱབ་པའི་སྲོག་གམ་རང་བཞིན་ལྷུན་གྱིས་གནས་པའི་སྲོག་དང་གཉུག་མ་རྡོ་རྗེའི་སྲོག་ཅེས་བྱ་བ་སྟེ། དེ་ནི་ལྟ་བས་གཏན་ལ་དབབ་པར་བྱ་བ་ཡིན་ལ། དེ་ལ་དབྲོག་བྱ་དང་འཕྲོག་བྱེད་འཕྲོག་པའི་བྱ་བ་གསུམ་གང་ཡང་མི་དམིགས་མོད་ཀྱི། དེ་ཉིད་ཀྱི་དོན་ལ་གདིང་ནམ་ཐོབ་པ་ན་འཁོར་འདས་ཐམས་ཅད་ཀྱི་སྲོག་དུས་གཅིག་ལ་ཐོབ་པ་ཡིན་པས་ལྟ་བའི་གནད་འདི་ལ་གསང་བའི་སྲོག་ལྟ་བ་ཟབ་མོས་འཕྲོག་པ་ཞེས་བྱ་བ་འཁོར་འདས་སྟོང་སྲོག་འཕྲོག་པའི་ཐ་སྙད་མཛད་དོ། །ཞེས་གསུངས། |
| Domain | [ཆོས་ལུགས།, ལྟ་གྲུབ།] |