17858

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་དེའི་གསལ་བྱ་ (1)
Part of speech མིང་ཚིག
Definition རང་ཉིད་གསལ་བྱེད་ཀྱི་ཆོས་སམ་རྐྱེན་གྱིས་སྣང་བྱའམ་གསལ་བར་བྱ་བའི་གཟུགས་ཅན་གྱི་ཆོས།
Example མུན་པ་སྟུག་པོའི་ནང་གི་བུམ་པའི་གཟུགས་དེ། གསལ་བྱེད་སྒྲོན་མེའི་འོད་དང། གློག་འོད་སོགས་ཀྱི་གསལ་བྱ་ཡིན་པ་བཞིན། འདི་ལ། གསལ་བྱའི་འབྲས་བུ་དང། བསྡུ་ན། གསལ་བྱ་ཡང་ཟེར་ཆོག པཎ་ཆེན་བསོད་ནམས་གྲགས་པའི་རྣམ་འགྲེལ་དགོངས་པ་རབ་གསལ་ལས། བདག་ལ་ཞེས་སོགས་ཀྱིས་ཆོས་དེའི་གསལ་བྱེད་ཀྱི་རྟེན་ཡིན་ན། ཆོས་དེའི་རྒྱུ་ཡིན་དགོས་པ་དང། ཆོས་དེའི་གསལ་བྱ་ཡིན་ན། ཆོས་དེའི་འབྲས་བུ་ཡིན་དགོས་པའི་སྤྱི་ཁྱབ་བསྟན།
Domain ཚད་མ།