17859

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་དེའི་གསལ་བྱེད་ཀྱི་རྟེན་ (1)
Part of speech མིང་ཚིག
Definition གཟུགས་ཅན་གྱི་དངོས་པོ་རྣམས་ཕྱི་རུ་མངོན་པར་བྱེད་པ་སྟེ་གསལ་བར་བྱེད་པའི་རྒྱུའམ་རྟེན།
Example མུན་ཁུང་ནང་གི་བུམ་པའི་གཟུགས་ལྟ་བུའི་གསལ་བྱེད་སྒྲོན་མེའི་འོད་ནི་གཟུགས་དེའི་གསལ་བྱེད་ཀྱི་རྟེན་ཡིན། འདི་ལ་གསལ་བྱེད་ཀྱི་རྒྱུ་དང། གསལ་བྱེད་ཀྱི་རྐྱེན། བསྡུས་ན། གསལ་བྱེད་ཀྱང་ཟེར་ཆོག། པཎ་ཆེན་བསོད་ནམས་གྲགས་པའི་རྣམ་འགྲེལ་དགོངས་པ་རབ་གསལ་ལས། བདག་ལ་ཞེས་སོགས་ཀྱིས་ཆོས་དེའི་གསལ་བྱེད་ཀྱི་རྟེན་ཡིན་ན། ཆོས་དེའི་རྒྱུ་ཡིན་དགོས་པ་དང། ཆོས་དེའི་གསལ་བྱ་ཡིན་ན། ཆོས་དེའི་འབྲས་བུ་ཡིན་དགོས་པའི་སྤྱི་ཁྱབ་བསྟན།
Domain ཚད་མ།