17864

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་དྲན་པ་ཉེར་བཞག་ (1)
Part of speech མིང་ཚིག
Definition མདོ། དྲན་པ་ཉེར་བཞག་བཞིའི་ཡ་གྱལ་ཞིག་སྟེ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་དག་ལ་རང་གི་ངོ་བོ་དང་སྤྱིའི་མཚན་ཉིད་སྟོང་པ་དང་བདག་མེད་པར་རྟོགས་ཤིང་བསྒོམ་པའོ། །
Domain ཆོས་ལུགས།
ཆོས་དྲན་པ་ཉེར་བཞག་ (2)
Part of speech མིང་ཚིག
Definition ཚོར་བ་མ་གཏོགས་པའི་སེམས་བྱུང་ཐམས་ཅད་དང། ལྡན་མིན་འདུ་བྱེད་དང། འདུས་མ་བྱས་ཀྱིས་བསྡུས་པའི་ཆོས་རྣམས་ལ་རང་སྤྱིའི་མཚན་ཉིད་ཀྱིས་ཡོངས་སུ་རྟོག་པར་བྱེད་པའི་དྲན་པ་ཤེས་རབ་མཚུངས་ལྡན་དང་བཅས་པ་དེ། ཆོས་དྲན་པ་ཉེར་བཞག་གི་མཚན་ཉིད། ས་མཚམས་ནི། ཉན་ཐོས་ཀྱི་ཚོགས་ལམ་ཆུང་ངུ་ནས་སངས་རྒྱས་ཀྱི་སའི་བར་ན་ཡོད་དོ། །ཞེས་པཎ་ཆེན་ཤཱཀྱ་མཆོག་གི་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་སོ། །