17877

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་པར་ཁས་ལེན་པ་ལ་རྫུན་དུ་འགྲོ་བ་ལྔ་ (1)
Part of speech མིང་ཚིག
Definition གསང་སྔགས་ལམ་གྱི་རིམ་པའི་འགྲེལ་པ་རིན་ཆེན་ཕྲེང་བ་ལས་བྱུང་བ་སྟེ། འཇིག་རྟེན་འདི་ལ་མངོན་པར་དགའ་ཞིང་༔ ཚེ་ཕྱི་ལ་མ་འཇིགས་གཏམ་བཟློས་པ་རྫུན་དུ་འགྲོ༔ ངན་སོང་གསུམ་ལ་མི་འཇིགས་པའི་ལས་བྱེད་ཅིང་༔ སྐྱབས་འགྲོ་ཟེར་བ་རྫུན་དུ་འགྲོ༔ འདོད་པ་ལ་བློ་མ་ལོག་པར༔ སྒོམ་ཆེན་ཁས་ལེན་པ་རྫུན་དུ་འགྲོ༔ རྒྱུ་འབྲས་མི་ཤེས་པར་ལྟ་བ་རྟོགས་པར་རྫུན་དུ་འགྲོ༔ སྲིད་པའི་གཡང་ས་མ་ཆོད་པར་སངས་རྒྱས་ཟེར་བ་རྫུན་དུ་འགྲོ༔ ཆོས་པར་ཁས་བླངས་ནས་རང་གཞན་གཉིས་ལ་རྫུན་གཏོང་བ་མང་པོ་གདའ་སྟེ༔ ཤི་འཕོས་པའི་དུས་ན་རྫུན་ཐམས་ཅད་རང་ལ་གཏོང་བར་མཆི་གསུངས༔
Domain ཆོས་ལུགས།