17878

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་ཕུག་དགོན་ (1)
Part of speech མིང་ཚིག
Definition ནང་ཆེན་རྫོང་ཁོངས་སུ་ཆགས་པའི་ཆོས་ཕུག་དགོན་འདི་ནི། རབ་བྱུང་བཅུ་པའི་སྐབས་ཙམ་དུ་མདོ་ཁམས་པ་ཀརྨ་བསྟན་འཕེལ་གྱི་དངོས་སློབ་ཆོས་ཕུག་པ་ངག་དབང་བློ་བཟང་རྒྱ་མཚོ་ནས་ཕྱག་བཏབ་པར་གྲགས། དེ་ཡང་དགོན་འདི་ཐོག་མར་ཕྱག་འདེབས་སའི་གནས་ནི་ད་ལྟ་སྟེང་ཆེན་གྱི་མངའ་འོག་ངེས་བསྟན་རྒྱན་ཤོད་བྱེ་མའི་རི་རྒྱུད། སྡོང་སྟོང་ཁྲི་ལ་ཆགས་ཡོད། སྟག་ཤོད་ལ་ཆོས་ཕུག་ཕུག་པ་ཞེས་པ་ཞིག་ཡོད་པ་དེར་རྒྱུན་དུ་གནས་འཆའ་བའི་བུ་ཞིག་ཡོད་པ་ལ་ཆོས་ཕུག་པ་ཟེར་ཞིང་། ཕྱིས་དགོན་མིང་ལའང་དེ་ལྟར་ཆགས། དེ་ཡང་བླ་མས་ཁྱོད་མདོ་སྟོད་ནང་ཆེན་གྱི་ཕྱོགས་སུ་སོང་དང་། འགྲོ་དོན་དང་གདུལ་བྱ་དེ་རུ་ཡོད་ཅེས་ལུང་བསྟན་པ་ལྟར་དེར་ཕེབས་ནས། རྒྱལ་པོར་དགོན་པ་འདེབས་སའི་ས་གནས་ཞུས་པས། རྒྱལ་པོས་ས་གང་དགར་དགོན་པ་ཐོབ་ཅེས་བཀའ་ཡིག་གནང་བ་ཐོབ་ནས། ཡར་བྱིན་ནས་གྲོང་འབེལ་སྐལ་བཟང་ཐང་གི་དབུ་རྫོང་མགོ་རུ་དགོན་པ་ཞིག་བཏབ་པས། ཆོས་ཕུག་དབུ་རྫོང་དགོན་ཞེས་བྱ། བླ་མ་དེའི་ཐུགས་ཀ་ན་ཧཱུཾ་ཡིག་སྔོན་མོ་ཞིག་ཡོད་པས་བླ་སྔོན་མ་ཞེས་པའི་མཚན་ཡང་ཆགས་པ་ཡིན། འདི་བའི་སྐུ་ཚེའི་སྨད་ཙམ་དུ། བཤད་སྲོལ་ལ་གྲོང་འབེལ་དབུ་རྫོང་དུ་མེ་ཡི་འཇིགས་པ་བྱུང་ནས། གྲྭ་པ་འགའ་འཕུར་ཡོང་བ་སྔོན་རྒྱལ་དབང་བདེ་ཆེན་རྡོ་རྗེའི་དགོན་པ་བརྒྱ་དང་བརྒྱད་གྱི་ཡ་གྱལ། དགོན་ཆུང་འོག་ལྕང་ཕུང་ཡོད་ས་དེར་བབ་པར་གྲགས། ཁམས་སྤྲུལ་གསུམ་པར་དགོན་གནས་བརྟག་པ་ཞུས་པས། རྙེད་ཀྱང་། གྲྭ་རྒན་འགའ་ཞིག་གིས་ཐོག་མར་གྲྭ་པ་བབས་ས་དེར་དགོན་པ་བཞེངས་པས་ས་དཔྱད་ཅུང་ཉེས་སོང་བར་གྲགས། གང་ལྟར་ཁམས་སྤྲུལ་གསུམ་པའི་དུས་ནས་ད་ལྟའི་དགོན་གནས་འདིར་སྤོས་པར་མངོན། རྗེ་དེའི་སྐུ་ཕྲེང་བྱོན་པའི་ཐོག་མ་ངག་དབང་བློ་གྲོས་ཆོས་ཀྱི་རྒྱ་མཚོ་ནས་སྐུ་ཕྲེང་དགུ་པའི་བར་དང་། ཁམས་སྤྲུལ་གསུམ་པས་གནང་བའི་བླ་མ་ངག་དབང་དགེ་འདུན་ཆོས་ཀྱི་རྒྱ་མཚོ་སྐུ་ཕྲེང་དང་པོ་ནས་བདུན་པའི་བར་དང་། དགེ་བཤེས་སྤྲུལ་སྐུའི་སྐུ་ཕྲེང་དང་པོ་ནས་གསུམ་པའི་བར་བཅས་ཀྱི་བླ་སྤྲུལ་རྣམ་པའི་གདན་ས་མཛད། དགེ་བཤེས་སྤྲུལ་སྐུ་འདི་ཕྱིས་གད་ཆག་དགོན་དུ་དགོངས་པ་རྫོགས་འདུག སྔར་དུས་སུ་དགོན་འདིར་སྐུ་གསུང་ཐུགས་རྟེན་རྙིང་པ་འགངས་ཆེན་མང་པོ་ཞིག་ཡོད་འདུག རྒྱ་མིའི་ཉམས་ཉེས་དགོན་པ་སྤྱི་མཚུངས་བཞིན་མིང་ལྷག་ཙམ་དུ་གྱུར། སླར་ཡང་ ༡༩༨༣ ལོར་དགོན་པ་བསྐྱར་གསོའི་ལས་གཞི་དབུ་བཙུགས་ནས། སྲས་ཆོས་ཁོག་རྣམ་རྒྱལ་གྱིས་གཙོ་འགན་འོག་འདུས་སྡེ་ཐུན་མོང་ནས་བསམ་སྦྱོར་གཅིག་མཐུན་གྱིས་དགོན་པ་སླར་གསོ་མཛད། གྲྭ་བཙུན་བརྒྱད་ཅུ་ལྷག་ཡོད་སྐད། ད་ལྟའི་གདན་སར་སྤོས་ལོ་ཇི་ཙམ་སོང་བ་མི་གསལ།