17882
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཆོས་ཕུག་དང་པོ་ངག་དབང་བློ་བཟང་རྒྱ་མཚོ་མཆོག་ནི། མདོ་ཁམས་པ་ཀརྨ་བསྟན་འཕེལ་གྱི་དངོས་སློབ་ཡིན། (འཁྲུངས་འདས་ཀྱི་ལོ་ཚིག་མི་གསལ། ) དེ་ཡང་མདོ་ཁམས་པས་ཁྱོད་མདོ་སྟོད་ནང་ཆེན་གྱི་ཕྱོགས་སུ་སོང་དང་འགྲོ་དོན་དང་གདུལ་བྱ་དེ་རུ་ཡོད་ཅེས་ལུང་བསྟན་པ་ལྟར། དེར་ཕེབས་པ་དང་། རྒྱལ་པོར་དགོན་པ་འདེབས་སའི་ས་ཡུལ་ཞུས་པས། རྒྱལ་པོས་ས་གང་དགར་ཁྱོད་ཀྱི་དགོན་པ་ཐོབ་ཅེས་བཀའ་ཡིག་གནང་བ་ཐོབ་ནས། ཡར་བྱིན་ནས་གྲོང་འབེལ་སྐལ་བཟང་ཐང་གི་དབུ་རྫོང་མགོ་རུ་དགོན་པ་ཞིག་བཏབ་པས། ཆོས་ཕུག་དབུ་རྫོང་དགོན་ཞེས་པའི་མིང་ཆགས། དེར་བཞུགས་བླ་མ་དེའི་ཐུགས་ཀ་ན་ཧཱུཾ་ཡིག་སྔོན་མོ་ཞིག་ཡོད་པ་ཀུན་གྱིས་མཇལ་རྒྱུ་ཡོད་པས་བླ་སྔོན་མ་ཞེས་པའི་མཚན་ཡང་ཆགས་པ་ཡིན་ནོ། ། |