17884
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཆོས་ཕུག་སྐུ་ཕྲེང་བདུན་པ་མི་ཕམ་དགེ་ལེགས་སྣང་བ་རབ་རྒྱས་མཆོག་ནི། རུས་སྡོམ་པ་ཡབ་སངས་རྒྱས་སྐྱབས་དང་། ཡུམ་རྨུ་སར་བཀྲ་ཤིས་དབང་མོ་གཉིས་ཀྱི་སྲས་སུ་འཁྲུངས། རྗེ་འདི་ཉིད་ནི་རྗེ་བཙུན་ཆོས་ཀྱི་ཉིན་བྱེད་རྩ་བའི་བླ་མར་ལོ་དགུའི་བར་བསྟེན་པས་མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་ཐོབ། འདྲེ་གདོན་བཏུལ་བ་སོགས་ཀྱི་རྣམ་ཐར་མང་པོ་ཡོད་པ་ནས་དཔེ་ཙམ་བརྗོད་ན། སྔོན་སྦེ་ནང་ཞེས་པའི་ཡུལ་དེར་སེམས་ཅན་ལ་འཚེ་བའི་འདྲེ་མོ་གདུག་པ་ཅན་ཞིག་ཡོད་པ་ལ་ཉིན་ཞིག་བླ་མ་དེ་ཕྱོགས་སུ་ཕེབས་སྐབས། འདྲེ་མོ་དེས་དྲེའུ་ཞིག་མཐའ་ལ་བསྐྱལ་ཏེ་མཆོད་ཆས་རྣམས་འཐོར་བས། མཆོད་ཆས་ཀྱི་ནང་ནས་བུམ་པ་ཡ་གཅིག་མ་ཚང་བ་དེ་དར་ཙེ་མདོ་རུ་བསྐྱེལ་སོང་བར་བཤད། བླ་མས་དྲེའུ་ཤི་བའི་ཀོ་བས་བྲག་དེ་གཡོག་གློ་བས་ལན་འགའ་བརྒྱབ་པས་འདྲེ་མོ་དེས་གཟུགས་དངོས་སུ་བསྟན་ཏེ་ཕྱིན་ཆད་སེམས་ཅན་ལ་མི་འཚེ་བ་དང་། བུམ་པ་ཡ་གཅིག་དེའང་ངེས་པར་ཕྱག་འབྱོར་ཡོང་བའི་ཁས་བླངས་དམ་བཅའ་ཕུལ་བས། ཕྱི་ལོའི་དུས་དེ་ཙམ་ན་བུམ་པ་ཡ་གཅིག་ཀྱང་ཆུ་ལེན་ས་ནས་ཕྱག་ཏུ་ཕུལ་སྐད་དོ། ། |