17886
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཆོས་ཕུག་སྐུ་ཕྲེང་བརྒྱད་པ་ཕན་བདེའི་བློ་གྲོས་ཆོས་ཀྱི་སྣང་བ་ནི། ཡབ་རྨུ་སར་བསོད་ནམས་དབང་རྒྱལ་དང་། ཡུམ་སེར་རྩ་བཟའ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་མེ་སྤྲེལ་ ༡༨༩༦ འཛི་སྟོད་འབོ་ལོ་པ་ལ་འཁྲུངས། ཁམས་སྤྲུལ་བསྟན་པའི་ཉི་མས་ལུང་འཛིན་ཐོབ། ས་ཁྱི་ལོ་སྟེ་ ༡༩༥༨ ལོའི་དུས་ཟིང་སྐབས་ཉེན་བྱོལ་བྱས་ཏེ་བྲོས་པས་ནག་ཆུ་ཁ་ནས་རྒྱ་དམག་གིས་བཟུང་སྟེ་ཟི་ལིང་དུ་ཁྲིད་པའི་ལམ་བར་དུ་སྐུ་གཤེགས། |