17887
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་སྣ་རེའི་གཉེན་པོ་ཆ་ཚང་བར་སྟོན་པའི་སངས་རྒྱས་ཀྱི་གསུང་དེ། ཆོས་ཕུང་གཅིག་གི་ཚད་ཡིན་ཏེ། ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་པོ་རེ་རེའི་གཉེན་པོ་སྟོན་པའི་དབང་དུ་བྱས་ནས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་ཏེ། མཛོད་ལས། སྤྱོད་པ་རྣམས་ཀྱི་གཉེན་པོ་ནི། །ཆོས་ཀྱི་ཕུང་པོ་མཐུན་པར་གསུངས། །ཞེས་གསུངས་པའི་ཕྱིར། མངོན་པ་གོང་མ་ལྟར་ན་ཚིག་ལེའུར་བྱས་པ་སྟོང་ཕྲག་རེར་ཆོས་ཕུང་རེ་བརྩི་བ་དང༌། མངོན་པ་འོག་མ་ལྟར་ན་དབང་པོའི་གླང་པོ་ཆེ་རབ་བརྟན་གྱིས་ཐེག་ཙམ་གྱི་སྣག་ཚས་ཆོས་ཀྱི་ཕུང་པོ་གཅིག་འབྲི་བར་ནུས་པའི་ཚད་ཀྱི་ཆོས་དེ་ཕུང་པོ་རེར་བརྩིས་པའོ། ། |
| Domain | ཆོས་ལུགས། |