17889

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་ཕུང་གི་ཚད་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གང་རུང་རེའི་གཉེན་པོ་ཆ་ཚང་བར་སྟོན་པའི་གསུང་རབ་གཅིག་ལ་ཆོས་ཕུང་གི་ཚད་དུ་བྱེད།
Domain ཆོས་ལུགས།
ཆོས་ཕུང་གི་ཚད་ (2)
Part of speech མིང་ཚིག
Definition མངོན་པ། ཆོས་ཀྱི་ཕུང་པོ་རེ་རེའི་ཚད་ཇི་ཙམ་ཞེ་ན། སྡེ་པ་ཁ་ཅིག་ན་རེ། ཤཱ་རིའི་བུའི་བསྟན་བཅོས་ཆོས་ཀྱི་ཕུང་པོའི་ཚད་དང་མཉམ་སྟེ། ཤོ་ལོ་ཀ་དྲུག་སྟོང་པ་ཉན་ཐོས་ཀྱི་ས་དང་མཉམ་པར་འཆད་དོ། །སྡེ་པ་གཞན་དག་ནི་ཕུང་པོ་དང་སྐྱེ་མཆེད་ལ་སོགས་པའི་གཏམ་རྒྱུད་རེ་རེ་ཚང་བ་ནི་ཆོས་ཀྱི་ཕུང་པོའི་ཚད་ཡིན་པས་གཏམ་རྒྱུད་མདོ་གང་ནས་གསུང་ཡང་བརྒྱད་ཁྲིའི་གྲངས་སུ་བགྲང་ངོ་ཞེས་གསུངས་སོ། །སློབ་དཔོན་རང་གི་ལུགས་ཀྱི་ཚད་ནི་སེམས་ཅན་གྱི་སྤྱོད་པ་འདོད་ཆགས་ལ་སོགས་པ་རྣམས་ཀྱི་གཉེན་པོར། ཆོས་ཀྱི་ཕུང་པོར་མི་སྡུག་པ་ལ་སོགས་པར་མཐུན་པར་གསུངས་པས་གཉེན་པོ་རེ་རེའི་གཏམ་རྫོགས་པ་རེ་རེ་ལ་ཆོས་ཀྱི་ཕུང་པོའི་ཚད་དུ་འདོད་པའམ། ཡང་ན་དུག་གསུམ་དང་། དུག་གསུམ་ཆ་མཉམ་པ་སྟེ་བཞིའི་གཉེན་པོར་ཉི་ཁྲི་སྟེ་བརྒྱད་ཁྲིའམ། ཉི་ཁྲི་གཅིག་སྟོང་རེ་རེ་སྟེ་བརྒྱད་ཁྲི་བཞི་སྟོང་ངོ་། །འདི་དག་ཀྱང་གདུལ་བྱའི་བློ་ལ་ལྟོས་པའི་གྲངས་ངེས་སོ། །ཞེས་ཀུན་མཁྱེན་གོ་རམས་པའི་སུམ་ལྡན་ལས་སོ། །