17891

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ (1)
Part of speech མིང་ཚིག
Definition སངས་རྒྱས་ཀྱིས་གསུང་པའི་ཆོས་ཐམས་ཅད་ནི་ཚུར་བསྡུས་ན་བརྒྱད་ཁྲི་བཞི་སྟོང་ཡོད་དེ། སེམས་ཅན་འདོད་ཆགས་ཤས་ཆེ་བའི་གཉེན་པོར་གསུངས་པའི་ཆོས་ཀྱི་རྣམ་གྲངས་ཉིས་ཁྲི་ཆིག་སྟོང་དང་། ཞེ་སྡང་ཤས་ཆེ་བའི་གཉེན་པོ་གསུངས་པའི་ཆོས་ཀྱི་རྣམ་གྲངས་ཉིས་ཁྲི་ཆིག་སྟོང་། གཏི་མུག་ཤས་ཆེ་བའི་གཉེན་པོར་གསུངས་པའི་ཆོས་ཀྱི་རྣམ་གྲངས་ཉིས་ཁྲི་ཆིག་སྟོང་། དེ་གསུམ་ཆ་མཉམ་པའི་གཉེན་པོར་གསུངས་པའི་ཆོས་ཀྱི་རྣམ་གྲངས་ཉིས་ཁྲི་ཆིག་སྟོང་བཅས་བསྡོམས་པས་བརྒྱད་ཁྲི་བཞི་སྟོང་སྟེ། ཚད་ནི་གླང་པོ་ཆེ་ས་སྲུང་གི་བུས་ཐེག་ཚད་ཀྱི་སྣག་ཚས་ཆོས་ཕུང་གཅིག་བྲི་ནུས་པར་གྲགས།
Domain ཆོས་ལུགས།