17897
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཕལ་ཆེན་ལེའུ་ཉི་ཤུ་པ་བྱང་ཆུབ་སེམས་དཔའི་རྣམ་པར་དགོད་པ་བསྟན་པ་ལས་བྱུང་བ་སྟེ། འདི་ལྟར་སངས་རྒྱས་ལ་སྙན་པའམ། མི་སྙན་པར་བརྗོད་ཀྱང་སངས་རྒྱས་ཀྱི་ཆོས་ལ་བསམ་པ་ངེས་པ་ཡིན། ཆོས་ལ་སྙན་པའམ། མི་སྙན་པར་བརྗོད་ཀྱང་སངས་རྒྱས་ཀྱི་ཆོས་ལ་བསམ་པ་ངེས་པ་ཡིན། བྱང་ཆུབ་སེམས་དཔའ་ལ་སྙན་པའམ། མི་སྙན་པར་བརྗོད་ཀྱང་སངས་རྒྱས་ཀྱི་ཆོས་ལ་བསམ་པ་ངེས་པ་ཡིན། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སྙན་པའམ། མི་སྙན་པར་བརྗོད་ཀྱང་སངས་རྒྱས་ཀྱི་ཆོས་ལ་བསམ་པ་ངེས་པ་ཡིན། སེམས་ཅན་གྱི་ཁམས་ཆུང་བ་དང་། སེམས་ཅན་གྱི་ཁམས་ཆེ་བ་བརྗོད་ཀྱང་སངས་རྒྱས་ཀྱི་ཆོས་ལ་བསམ་པ་ངེས་པ་ཡིན། སེམས་ཅན་གྱི་ཁམས་ཀུན་ནས་ཉོན་མོངས་པ་དང་། སེམས་ཅན་གྱི་ཁམས་ཀུན་ནས་ཉོན་མོངས་མེད་པར་བརྗོད་ཀྱང་སངས་རྒྱས་ཀྱི་ཆོས་ལ་བསམ་པ་ངེས་པ་ཡིན། སེམས་ཅན་གྱི་ཁམས་སྐྱོ་བར་སླ་བ་དང་། སེམས་ཅན་གྱི་ཁམས་སྐྱོ་བ་དཀའ་བར་བརྗོད་ཀྱང་སངས་རྒྱས་ཀྱི་ཆོས་ལ་བསམ་པ་ངེས་པ་ཡིན། ཆོས་ཀྱི་དབྱིངས་ཆུང་བའམ། ཆོས་ཀྱི་དབྱིངས་ཆེ་བར་བརྗོད་ཀྱང་སངས་རྒྱས་ཀྱི་ཆོས་ལ་བསམ་པ་ངེས་པ་ཡིན། ཆོས་ཀྱི་དབྱིངས་འགྲུབ་པའམ། ཆོས་ཀྱི་དབྱིངས་འཇིག་པར་བརྗོད་ཀྱང་སངས་རྒྱས་ཀྱི་ཆོས་ལ་བསམ་པ་ངེས་པ་ཡིན། ཆོས་ཀྱི་དབྱིངས་ཡོད་པའམ། ཆོས་ཀྱི་དབྱིངས་མེད་པར་བརྗོད་ཀྱང་སངས་རྒྱས་ཀྱི་ཆོས་ལ་བསམ་པ་ངེས་པའོ། ། |
| Domain | ཆོས་ལུགས། |