17898

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་བཅུ་དྲུག་དང་སེམས་བཅུ་དྲུག་ (1)
Part of speech མིང་ཚིག
Definition མདོ། མངོན་པ། ཆོས་བཅུ་དྲུག་ནི་འདོད་པའི་སས་བསྡུས་ཀྱི་སྡུག་བསྔལ་མཐོང་སྤང། ཀུན་འབྱུང་མཐོང་སྤང་། འགོག་པ་མཐོང་སྤང་། ལམ་མཐོང་སྤང་། སྒོམ་སྤང་སྟེ། སྤང་བྱ་རིགས་ལྔ། དེ་བཞིན་དུ་གཟུགས་གཟུགས་མེད་ཀྱི་སས་བསྡུས་ཀྱི་ལྔ་ལྔ་སྟེ་བཅོ་ལྔ་ཟག་མེད་དང་བཅུ་དྲུག་ཡིན་ལ། སེམས་བཅུ་དྲུག་ནི་དེ་དག་ཡུལ་དུ་བྱེད་པའི་སེམས་བཅུ་དྲུག་ཡིན་ནོ། དངོས་པོ་གང་ལ་ཕྲ་རྒྱས་དུ་ཞིག་རྒྱས་པར་འགྱུར་ཚུལ་ཡོད་དེ། སྡུག་བསྔལ་མཐོང་སྤང་དང་། རྒྱུ་སྟེ་ཀུན་འབྱུང་མཐོང་སྤང་། སྒོམ་སྤང་འདོད་པས་བསྡུས་པ་རྣམས་ནི་སེམས་ལྔའི་དམིགས་པ་ཡིན་ལ། སེམས་ལྔ་ནི། འདོད་པའི་སས་བསྡུས་ཀྱི་མཐོང་སྤང་དུ་གྱུར་པའི་སེམས་ལ་སོགས་པ་གསུམ། གཟུགས་ཀྱི་སས་བསྡུས་ཀྱི་གཅིག་ཟག་མེད་ཀྱི་སེམས་དང་ལྔ་ཡིན་ཅིང་། ཟག་མེད་མ་གཏོགས་པའི་སེམས་རྣམས་སྤང་བྱ་གསུམ་པོ་དེ་ལ་དམིགས་ནས་རྒྱས་པར་འགྱུར་བའི་ཕྱིར།
Domain ཆོས་ལུགས།