17905
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས། ཆོས་བདག་སློབ་མའི་ལུང་བསྟན་གསལ་བ། ཞེས་བྱ་བ་སྟེ། གཏེར་གཞུང་ལས། བདག་འདྲ་བུད་མེད་མཁར་ཆེན་མཚོ་རྒྱལ་གྱིས༔ མ་འོངས་ཆོས་འདི་བོད་ཡུལ་སྣང་བའི་ཚེ༔ ཡིད་ཆེས་ལུང་གི་རིམ་པར་ཡི་གེར་བཀོད༔ ཅེས་གསལ། གཏེར་ཆེན་རཏྣ་གླིང་པས་དམྱལ་སྨད་དགེ་རིའི་བྲག་ནས་བཏོན། འདིའི་ནང་དོན་ནི། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་མ་འོངས་པར་ཆོས་བདག་ལས་ཅན་རྣམས་བོད་ཡུལ་དུ་སྣང་བའི་ཚེ་ཡིད་ཆེས་པའི་ཆེད་དུ་གཏེར་སྟོན་རཏྣ་གླིང་པ་ལ་སོགས་པའི་གཏེར་ཆོས་བདག་པོ་ལས་ཅན་ཆོས་བདག་སློབ་མའི་ལུང་བསྟན་གྱི་སྐོར་རྣམས་ཡི་གེར་བཀོད་པའོ། ། |