From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཆོས་བརྗོད་ཀྱི་སྒྲ་ (1)
| Part of speech
|
མིང་ཚིག
|
| Definition
|
བརྗོད་བྱ་ལ་བརྗོད་ཚུལ་གྱི་སྒོ་ནས་གཉིས་དབྱེ་བའི་ཡ་གྱལ་ཞིག་སྟེ། མཚན་ཉིད། རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། དང་པོའི་མཚན་ཉིད་རང་གིས་ཟིན་པར་བརྗོད་པའི་བརྗོད་བྱའི་ཁྱད་ཆོས་གཞན་རྣམས་རང་གི་བརྗོད་བྱར་སྤངས་པའི་སྒོ་ནས་བརྗོད་བྱ་གོ་བྱེད། དཔེར་ན་བ་གླང་རྟ་མིན་པ་ཉིད་ཡིན་ནོ། །ཞེས་པའི་སྒྲ་ལྟ་བུའོ། །ཞེས་གསུངས།
|
| Domain
|
ཚད་མ།
|
ཆོས་བརྗོད་ཀྱི་སྒྲ་ (2)
| Part of speech
|
མིང་ཚིག
|
| Definition
|
བཀྲས་ལྷུན་དཀྱིལ་ཁང་ཡིག་ཆར། ཁྱད་པར་གཞན་སྤོང་བའི་ཚུལ་གྱིས་གོ་བར་བྱེད་པའི་མཉན་བྱ།
|