From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཆོས་བརྗོད་པའི་སྒྲ་ (1)
| Part of speech
|
མིང་ཚིག
|
| Definition
|
ཁྱད་གཞི་དང་ཁྱད་ཆོས་གཉིས་ཀྱི་ནང་ནས་ཆོས་སམ་ཁྱད་ཆོས་བརྗོད་པའི་ཉན་བྱ་དེ་ལ་ཆོས་བརྗོད་པའི་སྒྲ་ཞེས་བྱ་སྟེ། མཁས་གྲུབ་སྦྱིན་པ་དར་རྒྱས་ཀྱིས་མཛད་པའི་དགའ་བྱང་ཡིག་ཆ་ཡུལ་ཡུལ་ཅན་གྱི་རྣམ་བཞག་གསལ་བའི་མེ་ལོང་ལས། བརྗོད་བྱེད་ཀྱི་སྒྲ་ལ་བརྗོད་ཚུལ་གྱི་སྒོ་ནས་དབྱེ་ན། ཆོས་ཅན་བརྗོད་པའི་སྒྲ་དང། ཆོས་བརྗོད་པའི་སྒྲ་གཉིས་ལས། ཞེས་དང་། གཉིས་པའི་མཚན་ཉིད། ཆོས་བརྗོད་པའི་ཉན་བྱ། ཞེས་གསུངས་པའི་ཕྱིར།
|
| Domain
|
ཚད་མ།
|
ཆོས་བརྗོད་པའི་སྒྲ་ (2)
| Part of speech
|
མིང་ཚིག
|
| Definition
|
རང་སྨྲ་པོ་དང་ཉན་པོ་གཉིས་ཀྱི་འདོད་པའི་དོན་དེ་ཁྱད་ཆོས་ལྟ་བུར་སྟོན་པའི་ཉན་བྱ་དེ་ལ་ཟེར་བ་ཡིན་ཏེ། མཁས་གྲུབ་སྨྲ་བའི་ཉི་མ་དགེ་ལེགས་དཔལ་བཟང་པོའི་མཛད་པའི་ཚད་མ་ཡིད་ཀྱི་མུན་སེལ་ལས། རྗོད་བྱེད་ལ་བརྗོད་ཚུལ་གྱི་སྒོ་ནས་དབྱེ་ན། ཆོས་བརྗོད་ཀྱི་སྒྲ་དང། ཆོས་ཅན་བརྗོད་པའི་སྒྲ་གཉིས། དང་པོའི་མཚན་ཉིད། སྨྲ་བ་པོ་དང་ཉན་པ་པོའི་འདོད་པས་དམིགས་པའི་དོན་དེ་ཉིད་ཁྱད་ཆོས་ལྟ་བུར་སྟོན་པའི་སྒྲ།
|
| Example
|
བ་ལང་གི་རྟ་མ་ཡིན་པ་ཞེས་པ་ལྟ་བུའོ། ཞེས་གསུངས་པའི་ཕྱིར།
|