17935

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་བསྟན་པ་བཅུ་ (1)
Part of speech མིང་ཚིག
Definition ཕལ་ཆེན་ལེའུ་ཞེ་གསུམ་པ་ལས་བྱུང་བ་སྟེ། འདི་ལྟར་ཟབ་མོའི་ཆོས་བསྟན་པ། ཡངས་པའི་ཆོས་བསྟན་པ། སྣ་ཚོགས་ཀྱི་ཆོས་བསྟན་པ། ཐམས་ཅད་མཁྱེན་པ་ཉིད་བརྗོད་པ་མང་པོའི་ཆོས་བསྟན་པ། ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཆོས་བསྟན་པ། དེ་བཞིན་གཤེགས་པའི་སྟོབས་མངོན་པར་བསྒྲུབ་པའི་ཆོས་བསྟན་པ། དུས་གསུམ་དང་ལྡན་པའི་ཆོས་བསྟན་པ། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔས་བྱ་བའི་ཆོས་བསྟན་པ། སངས་རྒྱས་ཀྱི་ཡོན་ཏན་དང་ལེགས་པར་རབ་ཏུ་བརྗོད་པའི་ཆོས་བསྟན་པ། བྱང་ཆུབ་སེམས་དཔའི་བསླབ་པ་ཐམས་ཅད་དང༌། སངས་རྒྱས་ཐམས་ཅད་ཀྱི་མཉམ་པ་ཉིད་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ལ་དམིགས་པ་དང་ལྡན་པའི་ཆོས་བསྟན་པའོ། །
Domain ཆོས་ལུགས།