17938
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། ཉེས་བྱས་སྡེ་ཚན་བདུན་པ་ཆོས་བསྟན་པའི་སྡེ་ཚན་ནི། དགེ་སློང་གིས་ཆོས་སྟོན་པའི་ཚེ་སྤྱོད་ལམ་ལེགས་པར་མ་བྱས་པར་ཉེས་པར་བྱས་པ་ལས་གྱུར་པའི་ལྟུང་བ་ཞིག་ལ་ཟེར། དེ་ལ་དབྱེ་ན། འགྲེང་བར་བྱེད་ལ་སོགས་པ་ལྔ། །མགོ་གཡོགས་ལ་སོགས་རྣམ་པ་ལྔ། །དོ་ཀེར་ཅན་ལ་སོགས་པ་ལྔ། །གླང་ཆེན་ལ་སོགས་གཞོན་པ་ལྔ། །ལག་ན་དབྱིག་པ་ལ་སོགས་དྲུག ། ཅེས་གསུངས་པ་ལྟར། པཎ་ཆེན་འདུལ་བ་ལས། འཆད་པ་པོ་འགྲེངས་ཏེ་འདུག་པ་ལ་བཤད་པ་དང་། འདུག་སྟེ་ཉལ་བ་ལ་བཤད་པ་དང་། ས་ཕྱོགས་མཐོན་པོ་དང་སྟན་བཟང་པོ་ལ་འདུག་པ་ལ་ས་ཕྱོགས་དམའ་བ་དང་སྟན་ངན་པ་ལ་འདུག་སྟེ་བཤད་པ་དང་། མདུན་དུ་འགྲོ་བ་ལ་ཕྱི་ནས་འགྲོ་ཞིང་བཤད་པ་དང་། ལམ་ནས་འགྲོ་བ་ལ་ལམ་གྱི་འགྲམ་ནས་འགྲོ་ཞིང་བཤད་པ་ལ་ཉེས་བྱས་ཏེ་ལྔ། མགོ་རས་ཀྱིས་གཡོགས་པ་དང་། གོས་རྫེས་པ་དང་། ཆོས་གོས་ཕྲག་པ་གཉིས་ཀ་ལ་གཟར་བ་དང་། ལག་པ་གཉིས་གཉའ་གོང་དུ་བསྣོལ་བ་དང་། ལྟག་པར་བསྣོལ་བ་རྣམས་ལ་ཆོས་བཤད་པ་རྣམས་ལ་ཉེས་བྱས་ཏེ་ལྔ། སྐྲའི་ཐོར་ཅོག་ཅན་དང་། ཞྭ་གྱོན་པ་དང་། ཅོད་པཎ་བཅིངས་པ་དང་། ཕྲེང་བ་བཅིངས་པ་དང་། ཐོད་དཀྲིས་པ་རྣམས་ལ་ཆོས་བཤད་པ་ལ་ཉེས་བྱས་ཏེ་ལྔ། ཉན་པ་པོ་གླང་པོ་ལ་ཞོན་པ་དང་། རྟ་ལ་ཞོན་པ་དང་། ཁྱོགས་ན་འདུག་པ་དང་། སྔ་མ་གཉིས་ལས་གཞན་པའི་བཞོན་པའི་སྟེང་དུ་འདུག་པ་དང་། མཆིལ་ལྷམ་གྱོན་པ་རྣམས་ལ་ཆོས་བཤད་པ་ལ་ཉེས་བྱས་ཏེ་ལྔ། ལག་ན་འཁར་བ་ཐོགས་པ་དང། གདུགས་ཐོགས་པ་དང་། མཚོན་ཐོགས་པ་དང་། རལ་གྲི་ཐོགས་པ་དང་། དགྲ་ཆ་ཐོགས་པ་དང་། གོ་ཆ་གྱོན་པ་རྣམས་ལ་ཆོས་གཤད་ན་ཉེས་བྱས་ཏེ་དྲུག་དང་བཅས་པའི་ཉེར་དྲུག་ཡོད་པའི་ཕྱིར། ཞེས་གསུངས། |
| Domain | ཆོས་ལུགས། |