17943

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་བྱེད་ན་དུག་ལྔ་རྩད་ནས་གཅོད་དགོས་པ་ལྔ་ (1)
Part of speech མིང་ཚིག
Definition གསང་སྔགས་ལམ་གྱི་རིམ་པའི་འགྲེལ་པ་རིན་ཆེན་ཕྲེང་བ་ལས་བྱུང་བ་སྟེ། ཞེ་སྡང་ཆེ་བའི་གང་ཟག་དེ་རང་སྡུག་བསྔལ་ཆེ༔ གཏི་མུག་ཆེ་བའི་མི་དུད་འགྲོ་དང་མཚུངས་པས་ཆོས་མི་གོ༔ ང་རྒྱལ་ཆེ་བའི་མི་ལ་ཡོན་ཏན་མི་འགྲོ་དགྲ་མང༔ འདོད་ཆགས་ཆེ་བའི་མིས་སྡོམ་པ་མི་ཐུབ་སྒྲོ་སྐུར་མང༔ ཕྲག་དོག་ཆེ་བའི་མི་མཐོ་འདོད་ཆེ་དབྱེན་ལ་དགའ༔ དུག་ལྔ་པོ་འདིའི་རྗེས་སུ་མི་འབྲང་སྐྱེས་གྲོལ་དུས་མཉམ་དུ་ཁོང་དུ་གསད་འཚལ་ཏེ༔ དུག་ལྔ་གང་དགར་སྤྱོད་པའི་མི་འདི་དག་སྡུག་རང་གིས་སྒྲུབ་པར་གདའ་གསུངས༔།
Domain ཆོས་ལུགས།