17946

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་བྱེད་པ་ལ་མི་འོང་བ་སྤང་དགོས་པ་བཞི་ (1)
Part of speech མིང་ཚིག
Definition རིན་ཆེན་གཏེར་མཛོད་གསང་སྔགས་ལམ་གྱི་རིམ་པའི་འགྲེལ་པ་རིན་ཆེན་ཕྲེང་བ་ལས་བྱུང་བ་སྟེ། སློབ་དཔོན་པདྨའི་ཞལ་ནས༔ ༡ འཆི་བ་རྗེས་སུ་མ་དྲན་ན་ཆོས་བསྒྲུབ་པའི་དུས་མི་འོང་༔ ༢ ལས་འབྲས་ལ་ཡིད་མི་ཆེས་པས་མི་དགེ་བ་མི་སྤོང་བ་ལས་མཐོ་རིས་ཐར་པ་ཐོབ་པའི་དུས་མི་ཡོང་༔ ༣ སེམས་ཅན་གྱི་དོན་དུ་བྱང་ཆུབ་ཏུ་སེམས་མ་བསྐྱེད་པར་རང་གཅིག་ཐར་པ་དང་གྲོལ་བར་འདོད་པ་ལ་རྫོགས་པའི་སངས་རྒྱས་མི་འོང་༔ ༤ ལར་ཚེ་འདིའི་བྱ་བ་ལས་བློ་མི་ལྡོག་ན་ཡང་དག་པའི་ཆོས་གཏན་ནས་མི་འོང་༔ འཇིག་རྟེན་བློས་གཏོང་བ་འགའ་ཡང་མི་གདའ་གསུངས༔
Domain ཆོས་ལུགས།