17947
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གསང་སྔགས་ལམ་གྱི་རིམ་པའི་འགྲེལ་པ་རིན་ཆེན་ཕྲེང་བ་ལས་བྱུང་བ་སྟེ། སློབ་དཔོན་བཟང་པོ་དང་བྲལ་ན་མྱ་ངན་འདས་མཆོད་བྱེད་དགོས་པ་ཡིན༔ ཆོས་གྲོགས་པོ་བཟང་པོ་དང་བྲལ་ན་མྱ་ངན་ཚོགས་གསོག་བྱེད་དགོས་པ་ཡིན༔ རང་ལ་ཉམས་ཆགས་དང་ཞིག་རལ་བྱུང་ན་གསོ་སྦྱོང་དང་༔ བཤགས་དགོས་པ་ཡིན༔ རང་ཡུན་རིང་དུ་ན་ནས་དགེ་སྦྱོར་བྱེད་མ་ནུས་ན་མྱ་ངན་བླ་མ་བརྟེན་དགོས་པ་ཡིན༔ འཇིག་རྟེན་ཆོས་བརྒྱད་ལ་སེམས་ཤོར་ན་མྱ་ངན་ཞེན་པ་གཏིང་ནས་ལོག་དགོས་པ་ཡིན༔ ལར་འདུས་བྱས་མི་རྟག་པར་མ་གོ་བ་རྣམས་ལ་མྱ་ངན་རྫོགས་པ་དང་སངས་པ་མི་འོང་གསུངས༔ |
| Domain | ཆོས་ལུགས། |