17949
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གསང་སྔགས་ལམ་གྱི་རིམ་པའི་འགྲེལ་པ་རིན་ཆེན་ཕྲེང་བ་ལས་བྱུང་བ་སྟེ། སློབ་དཔོན་པདྨའི་ཞལ་ནས༔ ཆོས་ལ་རང་བྱན་ཆུད་པས་གཅིག་ཤེས་ཀུན་གྲོལ་བ་ཞིག་དགོས༔ ཆོས་ཉིད་ཀློང་དུ་ཆུད་པས་སྐྱེ་མེད་རྒྱུད་ལ་སྐྱེ་བ་ཞིག་དགོས༔ དམ་ཚིག་གནས་སུ་ཆུད་པས་སེམས་ལ་དྲི་མ་མེད་པ་ཞིག་དགོས༔ བརྩོན་པས་སྲོག་རྩོལ་གནས་སུ་ཆུད་པས་རླུང་སེམས་དབང་དུ་འདུས་པ་ཞིག་དགོས༔ གདམས་པ་གནས་སུ་ཆུད་པས་གང་ཟག་ཇི་ལྟ་བུ་ལ་ཡང་གདམས་པ་ཐེབས་པ་ཞིག་དགོས་གསུངས༔ |
| Domain | ཆོས་ལུགས། |