17951

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་བྱེད་པའི་དགོས་པ་ཆུང་བ་ལྔ་ (1)
Part of speech མིང་ཚིག
Definition གསང་སྔགས་ལམ་གྱི་རིམ་པའི་འགྲེལ་པ་རིན་ཆེན་ཕྲེང་བ་ལས་བྱུང་བ་སྟེ། སློབ་དཔོན་པདྨའི་ཞལ་ནས༔ འཁོར་བ་ལ་ཞེན་པ་མ་ལོག་པའི་མོས་པ་བྱེད་པ་དགོས་པ་ཆུང་༔ དངོས་པོ་ལ་ཞེན་པ་མ་ལོག་པའི་སྟོང་ཉིད་སྒོམ་པ་དགོས་པ་ཆུང་༔ འདོད་པ་ལ་བློ་མ་ལོག་པའི་སྒོམ་པ་བྱེད་པ་དགོས་པ་ཆུང་༔ ཆགས་སྡང་ལས་བློ་མ་ལོག་པའི་གདམས་ངག་བཤད་པ་དགོས་པ་ཆུང་༔ རང་དོན་དང་མི་ལྡན་པའི་ཁ་ཚིག་བཟང་པོ་དགོས་པ་ཆུང་གསུངས༔
Domain ཆོས་ལུགས།