17952
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གསང་སྔགས་ལམ་གྱི་རིམ་པའི་འགྲེལ་པ་རིན་ཆེན་ཕྲེང་བ་ལས་བྱུང་བ་སྟེ། སློབ་དཔོན་པདྨའི་ཞལ་ནས༔ དམ་པ་རྣམས་ཀྱི་ཐུགས་ཟིན་ན་གདམས་པ་རྣམས་ཀྱི་བཅུད་ཐོབ་པའི་དགོས་ཡོད༔ བླ་མ་ལ་མོས་གུས་དྲག་པོས་རྒྱུན་མ་ཆད་པར་བྱས་ན་བྱིན་རླབས་ཤུགས་ལས་འབྱུང་བའི་དགོས་པ་ཡོད༔ ཚོགས་ཁྱད་པར་ཅན་བསགས་ན་བསམ་པ་ལས་སུ་རུང་༔ དེས་ཏིང་ངེ་འཛིན་རྒྱུད་ལ་སྐྱེ་བའི་དགོས་པ་ཡོད༔ དེས་ཐམས་ཅད་མཁྱེན་པའི་སངས་རྒྱས་མྱུར་དུ་འཐོབ་པའི་དགོས་པ་ཡོད་གསུངས༔ |
| Domain | ཆོས་ལུགས། |