17955

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་བྱེད་པའི་མདོ་བཅུ་ (1)
Part of speech མིང་ཚིག
Definition གསང་སྔགས་ལམ་གྱི་རིམ་པའི་འགྲེལ་པ་རིན་ཆེན་ཕྲེང་བ་ལས་བྱུང་བ་སྟེ། སློབ་དཔོན་པདྨའི་ཞལ་ནས༔ དད་པའི་མདོ་འཕེལ་འགྲིབ་མེད་པ་ཆུ་བོ་ལྟ་བུ་ཞིག་དགོས༔ སྙིང་རྗེའི་མདོ་དགྲ་ཟུན་མེད་པ་ཉི་མ་ལྟ་བུ་ཞིག་དགོས༔ སྦྱིན་པའི་མདོ་ཕྱོགས་རིས་མེད་པ་བཏུང་ཆུ་ལྟ་བུ་ཞིག་དགོས༔ དམ་ཚིག་གི་མདོ་དྲི་མ་མེད་པ་ཤེལ་གོང་ལྟ་བུ་ཞིག་དགོས༔ ལྟ་བའི་མདོ་ཕྱོགས་ལྷུང་མེད་པ་ནམ་མཁའ་ལྟ་བུ་ཞིག་དགོས༔ སྒོམ་པའི་མདོ་གསལ་འགྲིབ་མེད་པ་ནམ་མཁའ་ལངས་པ་ལྟ་བུ་ཞིག་དགོས༔ སྤྱོད་པའི་མདོ་བླང་དོར་མེད་པ་ཁྱི་ཕག་ལྟ་བུ་ཞིག་དགོས༔ འབྲས་བུའི་མདོ་སྤང་བླང་མེད་པ་རིན་པོ་ཆེ་གསེར་གྱི་གླིང་དུ་ཕྱིན་པ་ལྟ་བུ་ཞིག་དགོས༔ ཆོས་ཕྱོགས་སུ་གདུང་བ་སྐོམ་པ་ཆུ་འཚོལ་བ་ལྟ་བུ་ཞིག་དགོས༔ ལར་མདོ་ཆོས་ལ་མི་བྱེད་པར་མདོ་ནོར་ལ་བྱེད་པ་ཤ་སྟག་འདུག་སྟེ༔ རང་འཆི་ཀར་ནོར་གྱིས་སྟོངས་ནས་ངན་སོང་དུ་མ་སོང་བ་ཞིག་དགོས་གསུངས༔།
Domain ཆོས་ལུགས།