17956

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་བྱེད་པའི་འཁྱོག་པ་བདུན་ (1)
Part of speech མིང་ཚིག
Definition གསང་སྔགས་ལམ་གྱི་རིམ་པའི་འགྲེལ་པ་རིན་ཆེན་ཕྲེང་བ་ལས་བྱུང་བ་སྟེ། དད་པ་ཆུང་ཞིང་ཤེས་རབ་ཆེན་པོ་སྟོན་པར་འཁྱོག༔ བརྟེན་པ་མང་ལ་སྒོ་དྲག་ན་དགེ་བཤེས་སུ་འཁྱོག༔ མི་ཆོས་བཟོ་ལ་ཆོས་རྒྱུད་ལམ་འབྱོར་ན་གཙོ་བོར་འཁྱོག༔ གདམས་ངག་བཏབ་ནས་ཉམས་ལེན་མ་བྱུང་ན་དྲེད་པོ་ཆོས་རྒྱུས་ཅན་དུ་འཁྱོག༔ ཆོས་སེམས་ལ་མེད་པར་ཐོ་ཅོ་ཆེ་བ༔ རྣལ་འབྱོར་ཟ་ཕྱིད་བྱེད་པའི་ཟོག་པོར་འཁྱོག༔ ཐོས་པ་ཆུང་ལ་གདམས་པ་མེད་ན༔ དད་པ་ཆེ་ཡང་ཐ་མལ་དུ་འཁྱོག༔ ཆོས་པ་གཞུང་དང་མཐུན་པ་དེ༔ ཤེས་རབ་ཀྱིས་རྒྱུད་གྲོལ༔ དད་པས་སེམས་ཐུལ༔ ཉན་པས་སྒྲོ་འདོགས་ཆོད༔ མི་ཆོས་རྒྱབ་ཏུ་བོར༔ རང་རྒྱུད་ཆོས་སུ་འདྲེས༔ ཐོས་བསམ་གྱིས་ཤེས་བྱ་རྫོགས༔ གདམས་ངག་གིས་སེམས་ཐག་ཆོད༔ ལྟ་སྒོམ་གྱིས་ཕུག་ཅིག་འཁྲུས་དགོས་ཏེ་དཀའ་གསུངས༔
Domain ཆོས་ལུགས།