From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཀུན་ཁྱབ་ (1)
| Part of speech
|
མིང་ཚིག
|
| Definition
|
ཕྱོགས་ཏེ། ཕྱོགས་ཀུན་ཏུ་ཁྱབ་པས་ནའོ། །
|
| Type
|
མངོན་བརྗོད།
|
ཀུན་ཁྱབ་ (2)
| Part of speech
|
མིང་ཚིག
|
| Definition
|
ནམ་མཁའ་སྟེ། ཕྱོགས་མཚམས་ཀུན་ལ་ཁྱབ་པས་སོ། །
|
ཀུན་ཁྱབ་ (3)
| Part of speech
|
མིང་ཚིག
|
| Definition
|
བདེ་གཤེགས་སྙིང་པོའི་ཁྱད་ཆོས་དགུའི་ཡ་གྱལ་ཞིག་སྟེ། ཇོ་ནང་ཏཱ་ར་ནཱ་ཐའི་ཐེག་མཆོག་དབུ་མའི་རྣམ་བཤད་ཟིན་བྲིས་ལས། དངོས་པོ་ཀུན་ལ་དབྱེར་མེད་དུ་འཇུག་པའི་དོན་ཏེ། ཡུལ་དུས་ཀྱི་ཆ་ཤས་དང་བྲལ་བའི་དོན་དམ་དབྱིངས་དེ་ནི་གང་ལའང་ཉེ་རིང་མེད་པའི་ཕྱིར་ཀུན་ཁྱབ་ཏུ་བཤད། ཞེས་འབྱུང་ངོ་། །
|
| Domain
|
ཆོས་ལུགས།
|