17960
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རིན་ཆེན་གཏེར་མཛོད་གསང་སྔགས་ལམ་གྱི་རིམ་པའི་འགྲེལ་པ་རིན་ཆེན་ཕྲེང་བ་ལས་བྱུང་བ་སྟེ། སློབ་དཔོན་པདྨའི་ཞལ༔ ༡ ཡིད་ཆེས་པའི་དག་པ་བརྟན་པོས་རྒྱུད་ཀྱི་ཐ་རྒོད་སྤང་དགོས༔ ༢ སྒོམ་སྒྲུབ་ཀྱིས་སེམས་བསྒྱུར་ཁའི་ལུད་འདེབས་དགོས༔ ༣ དགེ་བའི་རྩ་བ་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པའི་ས་བོན་བཟང་པོ་འདེགས་དགོས༔ ༤ དུག་ལྔ་དང་རྣམ་རྟོག་ཐམས་ཅད་ཐབས་ཤེས་རབ་ཟུང་འཇུག་གི་རྨོས་གླང་གིས་སྐྱེས་བུ་བརྩོན་འགྲུས་ཅན་གྱིས་ཡེ་ཤེས་ཀྱི་གཤོལ་བཟུང་བས་ཕ་རོལ་ཏུ་གསོད་དགོས༔ དེ་ལྟར་བྱས་ན་བྱང་ཆུབ་ཀྱི་མྱུ་གུ་ལ་སངས་རྒྱས་ཀྱི་འབྲས་བུ་མི་སྐྱེ་མི་སྲིད་དོ༔ ལར་འཇིག་རྟེན་འདིའི་སོ་ནམ་ལ་ངལ་དུབ་མེད་པར་ཐར་པའི་སོ་ནམ་མི་ནུས་པ་ཁོ་ན་མང་༔ སེམས་ཅན་སྙིང་རྗེ་གསུངས༔། |
| Domain | ཆོས་ལུགས། |