1797
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དོན་གཞན་བཀོད་པའི་རྒྱན་གྱི་ནང་གསེས་དང་པོ་སྟེ། བརྗོད་འདོད་ཀྱི་དོན་གང་ཡང་རུང་བ་ཞིག་བསྒྲུབ་བྱར་སྔོན་དུ་བཀོད་རྗེས། དེ་དང་རིགས་འདྲ་བའི་དངོས་པོ་ཀུན་ལ་ཁྱབ་པའི་དོན་ཞིག་སྒྲུབ་བྱེད་དུ་བཀོད་པ་ཞིག་ཡིན། |
| Example | བོད་མཁས་པས། ཀྱེ་མ་སྔོན་གྱི་རྒྱལ་རབས་མཚན་ལྡན་པ། །མཐའ་དག་མི་སྲུན་སྐྱེ་བོས་རྩད་ནས་ཕྱུང་། །འདུས་བྱས་ཀུན་གྱི་རང་བཞིན་འཇིག་པའི་ཆོས། །མཁས་ཀྱང་གཞན་དུ་བསྒྱུར་བར་ག་ལ་བཟོད། །ཅེས་པ་ལྟ་བུ། |
| Domain | རྩོམ་རིག |