17977
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དད་པའི་ཞིང་ས་མེད་ན་བདེ་བའི་འབྲས་མི་འབྱུང༌། ། མཁས་བཙུན་བླ་མ་མེད་ན་རིག་པའི་མུན་མི་སེལ། ། སྐྱིད་བདེའི་དམ་ཆོས་མ་སྤྱད་སྡུག་བསྔལ་མཚོ་མོ་རྡོལ། ། དགེ་བཅུས་ལམ་སྣ་མ་དྲངས་ཆོས་ཀྱི་རྩ་བ་ཤོར། ། ད་ལྟའི་ཡུལ་ནས་མ་ཕྱིན་སྙོམ་ལས་སྒྲོག་གིས་བཅིངས། །ཤེས་རབ་མིག་དང་མི་ལྡན་འཁོར་བའི་གཡང་སར་ལྷུང༌། ། དེ་ལྟར་མ་སོང་འབད་པས་བསྒྲུབ་པ་གཅེས། ། |
| Domain | ཆོས་ལུགས། |