From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཆོས་བྱེད་རྣམས་ཀྱི་འོང་བའི་ཆོས་དྲུག་ (1)
| Part of speech
|
མིང་ཚིག
|
| Definition
|
ཀློང་ཆེན་མཛོད་བདུན་མན་ངག་མཛོད་ལས་བྱུང་སྟེ། ཆགས་སྡང་སྐྱེ་བའི་ཡུལ་ནས་བྱར་བྲོས་དང༌། ། ཆོས་སྤྱོད་དགེ་སྦྱོར་ངང་གིས་འཕེལ་བར་འོང༌། ། ཀོ་ལོང་སྡོམ་པའི་ཟུར་མགོ་མ་རྣོ་དང༌། ། འགྲོགས་པ་རྒྱུན་རིང་འཐབ་རྩོད་ཉུང་བར་འོང༌། ། བླ་མ་དམ་པའི་གསུང་བཞིན་གུས་བསྒྲུབ་དང༌། ། ཐུགས་ལ་འདོགས་ཤིང་བྱིན་རླབས་དངོས་གྲུབ་འོང༌། ། རང་གི་སྣ་ཐག་གཞན་ལ་མ་གཏད་དང༌། ། ཤིན་ཏུ་སྐྱིད་ཅིང་སྒྲུབ་པ་མཐར་ཕྱིན་འོང༌། ། སྤྱོད་ཅིང་བོར་ལ་ཞི་དུལ་ལྡན་གྱིས་དང༌། ། ཀུན་དང་མཐུན་ཞིང་ཡིད་དུ་འཐད་པར་འོང༌། ། ཕྱོགས་འཛིན་བོར་ལ་བཟང་པོའི་སེམས་གཟུང་དང༌། ། ཆད་མར་འཛིན་ཅིང་ཀུན་གྱིས་བསྟོད་པར་འོང༌། །
|
| Domain
|
ཆོས་ལུགས།
|
ཆོས་བྱེད་རྣམས་ཀྱི་འོང་བའི་ཆོས་དྲུག་ (2)
| Part of speech
|
མིང་ཚིག
|
| Definition
|
དབེན་པ་བསྟེན་ན་དགེ་སྦྱོར་འཕེལ་བར་འོང༌། ། གཞན་ལ་བསྟོད་ན་ཤུགས་ཀྱིས་དད་པར་འོང༌། ། རང་རྒྱུད་བཏུལ་ན་དགེ་བ་འཕེལ་བར་འོང༌། ། ནོར་བདུན་བསགས་ན་དབུལ་ཕོངས་སེལ་བར་འོང༌། ། ཡོན་ཏན་སྤེལ་ན་རྒྱལ་བའི་གདུང་འཛིན་འོང༌། ། འགྲོ་དྲུག་བསྐྱངས་ན་རྒྱལ་སྲས་སྤྱོད་པ་འོང༌། ། འོང་བ་བཞིན་དུ་མཛད་པའི་སྐྱེ་བོ་ཉུང༌། །
|