1799

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀུན་ཁྱབ་དབྱིངས་ཀྱི་གཙོ་བོ་ (1)
Part of speech མིང་ཚིག
Definition བོན། ཀུན་དབྱིངས་དཀྱིལ་འཁོར་ཕོ་བྲང་གི་དབུས་སུ་གནས་པའི་ལྷ་གཙོ་བོ་སྟེ། དེའི་ཆ་ལུགས་ནི། སེང་གེས་བཏེགས་པའི་ཁྲི་དང་། ཉི་ཟླ་པད་གདན་གྱི་ཁ་ལ་དཀྱིལ་ཀྲུང་དུ་བཞུགས་ཞིང། མཐིང་གི་སྐུ་ལ་གསེར་གྱི་ཐོད་རྡིང་དང་ཞི་རྒྱན་སོགས་ཀྱིས་སྒེག་ཉམས་སྤྲས་པ། ཕྱག་གཡས་ཀྱིས་རྒྱལ་མཚན་དང། གཡོན་པས་མཉམ་བཞག་གི་མཐིལ་ལ་སྐྱེ་མེད་ཡི་གེའི་ཨ་ཡིས་གསལ་བར་མཚོན་པ་ཞིག་ཡིན་པར་གཟི་བརྗིད་པོད་གསུམ་པར་གསལ་ལོ། །འཁོར་ནི་དབྱིངས་ན་བཞུགས་པའི་ལྷ་བརྒྱད་ཡིན་ནོ། །
Domain ཆོས་ལུགས།