From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཆོས་མངོན་པ་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། མངོན་པ། ཟག་པ་མེད་པའི་ཤེས་རབ་རྗེས་འབྲངས་དང་བཅས་པ་དང༌། དེ་མངོན་དུ་བྱ་བའི་ཐོས་བསམ་གྱི་ཤེས་རབ་ལ་སོགས་དང༌། དེ་དག་སྟོན་པའི་གཞུང་ལྷག་པ་ཤེས་རབ་ཀྱི་བསླབ་པ་གཙོ་བོར་སྟོན་པའི་བཀའ་དང་དགོངས་འགྲེལ་རྣམས་སོ། །
|
| Domain
|
ཆོས་ལུགས།
|
ཆོས་མངོན་པ་ (2)
| Part of speech
|
མིང་ཚིག
|
| Definition
|
ཟག་པ་མེད་པའི་ཤེས་རབ་རྗེས་འབྲང་དང་བཅས་པ་ལ་ཟེར། དེ་ཡང་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ཀྱི་དྲི་མ་ནི་ཟག་པ་ཡིན་ལ། དེ་མེད་པ་རྗེས་འབྲང་དང་བཅས་པ་སྟེ། ཟག་པ་མེད་པའི་ཕུང་པོ་ལྔ་པོ་ལ་དོན་དམ་པའི་ཆོས་མངོན་པ་ཞེས་བྱ་བ་ཡིན་ནོ། །ངེས་པའི་ཚིག་རང་གི་མཚན་ཉིད་འཛིན་པའི་ཕྱིར་ཆོས་དང་། དོན་དམ་པའི་ཆོས་མྱ་ངན་ལས་འདས་པའམ་ཆོས་ཀྱི་མཚན་ཉིད་ལ་མངོན་དུ་ཕྱོགས་པའི་ཕྱིར་མངོན་པ། རྒྱུ་མཚན་དེའི་ཕྱིར་ཆོས་མངོན་པའོ། །སྒྲས་བརྗོད་རུང་གི་དབྱེ་ན། དོན་དམ་པའི་ཆོས་མངོན་པ་དང་། བརྡ་བཏགས་པའི་ཆོས་མངོན་པ་གཉིས་སོ། །
|