18004

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་མངོན་པ་མདོར་བསྡུས་ན་རྣམ་པ་གཉིས་ (1)
Part of speech མིང་ཚིག
Definition ཕུང་པོ་ལྔའི་རྣམ་པར་འགྲེལ་པ་ལས་བྱུང་བ་སྟེ། ༡ ཐ་སྙད་པ་ནི། ཤེས་རབ་དང་མཚུངས་པར་ལྡན་པ་དང་བཅས་པ་སྟེ། ཐོས་པ་ལས་བྱུང་བ་དང་། བསམས་པ་ལས་བྱུང་བ་དང་། བསྒོམས་པ་ལས་བྱུང་བ་དང་། སྐྱེ་བས་ཐོབ་པ་དང་། བསྟན་བཅོས་ཏེ། དེ་ལྟར་འདི་ནི་རྒྱས་པར་བྱས་ན་རྣམ་པ་དྲུག་གི་བདག་ཉིད་ལ་ཆོས་མངོན་པ་ཞེས་བསྟན་པ་ཡིན་ནོ། ། ༢ དོན་དམ་པ་ནི། ཟག་པ་མེད་པའི་ཕུང་པོ་ལྔ་སྟེ། ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོའོ། །
Domain ཆོས་ལུགས།