18017

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་མངོན་པའི་དབྱེ་བ་གསུམ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། ཟག་མེད་ཀྱི་ཤེས་རབ་འབྲས་བུའི་ཆོས་མངོན་པ་དང་། སྐྱེས་ཐོབ་ཀྱི་ཤེས་རབ་ལ་སོགས་པ་བཞི་རྒྱུའི་ཆོས་མངོན་པ་དང་། བསྟན་བཅོས་ནི་གཞུང་གི་ཆོས་མངོན་པ་སྟེ། དང་པོ་ནི་དོན་དམ་པ་དང་། ཕྱི་མ་དག་ནི་འབྲས་བུའི་མིང་གིས་རྒྱུ་ལ་བཏགས་པ་དང་། བརྗོད་བྱའི་མིང་གི་རྗོད་བྱེད་ལ་བཏགས་པ་ཡིན་ཏེ། སློབ་དཔོན་ཕྱོགས་ཀྱི་གླང་པོས། ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །བསྒྲུབ་བྱའི་དོན་དེ་དང་ལྡན་པས། །གཞུང་ལམ་དག་ལ་དེའི་སྒྲ་ཡིན། །ཞེས་བཤད་པ་ལྟར་རོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། །
Domain ཆོས་ལུགས།