18029
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྣམ་པར་བཤད་པའི་རིགས་པ་ལས་བྱུང་བ་སྟེ། མ་ཐོས་པ་ཐོས་པར་འགྱུར་བ་ནི། ཐོག་མ་མེད་པ་ཅན་གྱི་འཁོར་བ་ནས་བསྟན་བཅོས་གཞན་ཐམས་ཅད་ལས་མ་ཐོས་པ་ཕུང་པོ་དང༌། སྐྱེ་མཆེད་དང༌། ཁམས་ལ་སོགས་པ་གང་ཡིན་པ་དེ་ཐོས་པར་འགྱུར་བའོ། །ཐོས་པ་ཡོངས་སུ་བྱང་བར་འགྱུར་བ་ནི། སངས་རྒྱས་འབྱུང་བ་གཞན་དག་ལས་སམ། འདིར་ཐོས་པ་བརྗོད་དམ། དྲི་མ་ཅན་དུ་གྱུར་པ་གང་ཡིན་པ་དེ་མཉན་པས་གསལ་བར་བྱེད་ཅིང་དྲི་མ་མེད་པར་བྱེད་དོ། །དེ་ལྟར་ན་ཐོས་པ་ཡོངས་སུ་བྱང་བར་འགྱུར་རོ། །སོམ་ཉི་སྤོང་བ་ནི། དེ་སེམས་པ་ན་ཐེ་ཚོམ་འབྱུང་བ་གང་ཡིན་པ་དེ། ཆོས་མཉན་པས་ངེས་པ་འཐོབ་བོ། །ལྟ་བ་དྲང་པོར་བྱེད་པ་ནི། འདིས་སེམས་པ་ན་ལོག་པར་རྟོག་པ་འབྱུང་བ་གང་ཡིན་པ་དེ་ཡང་དག་པར་རྟོག་གོ ། ཤེས་རབ་ཀྱིས་དོན་དང་། ཚིག་ཟབ་མོ་རྟོགས་པར་འགྱུར་བ་ནི། རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཉིད་གང་ཐོས་ནས། ཆོས་ཉིད་རྟོགས་པར་འགྱུར་ཞིང༌། འཕགས་པའི་བདེན་པ་མངོན་པར་རྟོགས་པར་བྱེད་དོ། ། |
| Domain | ཆོས་ལུགས། |