18030
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཕགས་པ་དོན་རྒྱས་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ལས་བྱུང་བ་སྟེ། ༡ དུས་སུ་ཆོས་མཉན་པར་བྱ་བ། ༢ བཀུར་སྟིར་བྱ་བ། ༣ གུས་པར་ཉན་པ། ༥ མ་རངས་པ་མེད་པ། ༥ བསྒོ་བ་བཞིན་ཉན་པ། ༦ ཀླན་ཀ་མི་ཚོལ་བ། ༧ ཆོས་ལས་གུས་པར་བྱ་བ། ༨ ཆོས་སྨྲ་བ་བའི་གང་ཟག་ལ་གུས་པར་བྱ་བ། ༩ ཆོས་ལ་མི་བརྙས་པ། ༡༠ ཆོས་སྨྲ་བའི་གང་ཟག་ལ་མི་བརྙས་པ། ༡༡ བདག་ལ་མི་བརྙས་པ། ༡༢ རྩེ་གཅིག་པའི་སེམས། ༡༣ ཀུན་ཤེས་པར་བྱ་བ། ༡༤ རྣ་བ་བླགས་ཏེ་མཉན་པ། ༡༥ སེམས་བསྡུས་ཏེ་ཉན་པ། ༡༦ ཐམས་ཅད་ཀྱིས་བསམས་ཏེ་ཆོས་མནན་པར་བྱ་བ་བཅས་སོ། ། |
| Domain | ཆོས་ལུགས། |