18032
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཕལ་ཆེན་ལེའུ་སུམ་ཅུ་པ་ལས་བྱུང་བ་བྱང་ཆུབ་སེམས་དཔའ་ས་དྲུག་པ་ལ་གནས་པས་ཆོས་མཉམ་པ་ཉིད་ལ་འཇུག་པ་བཅུ་སྟེ། ཆོས་ཐམས་ཅད་མཚན་མ་མེད་པ་མཉམ་པ་ཉིད། ཆོས་ཐམས་ཅད་མཚན་ཉིད་མེད་པ་མཉམ་པ་ཉིད། ཆོས་ཐམས་ཅད་མི་སྐྱེ་བ་མཉམ་པ་ཉིད། ཆོས་ཐམས་ཅད་མ་བྱུང་བ་མཉམ་པ་ཉིད། ཆོས་ཐམས་ཅད་དབེན་པ་མཉམ་པ་ཉིད། ཆོས་ཐམས་ཅད་སྔ་ནས་རྣམ་པར་དག་པ་མཉམ་པ་ཉིད། ཆོས་ཐམས་ཅད་སྤྲོས་པ་མེད་པ་མཉམ་པ་ཉིད། ཆོས་ཐམས་ཅད་བླང་བ་མེད་པ་དང་དོར་བ་མེད་པ་མཉམ་པ་ཉིད། ཆོས་ཐམས་ཅད་སྒྱུ་མ་དང༌། རྨི་ལམ་དང༌། མིག་ཡོར་དང༌། སྒྲ་བརྙན་དང༌། ཆུའི་ཟླ་བ་དང༌། གཟུགས་བརྙན་དང༌། སྤྲུལ་པ་དང་མཚུངས་པ་མཉམ་པ་ཉིད། ཆོས་ཐམས་ཅད་དངོས་པོ་ཡོད་པ་དང༌། དངོས་པོ་མེད་པ་དང༌། གཉིས་ཀ་མ་ཡིན་པ་མཉམ་པ་ཉིད་དོ། ། |
| Domain | ཆོས་ལུགས། |