1804

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀུན་གཞི་ (1)
Part of speech མིང་ཚིག
Definition མིའི་གཤིས་རྒྱུད་དམ་སེམས་རྒྱུད་ལ་གོ །
Example མི་གཞི་ལེགས་པའམ་གཤིས་རྒྱུད་དུལ་བ་ལ་ཀུན་གཞི་དུལ་བ་ཟེར་བ་ལྟ་བུ།

{{#arraymap:ཀུན་གཞི་

|; |@@@ | | }}

ཀུན་གཞི་ (2)
Part of speech མིང་ཚིག
Definition ལྟ་གྲུབ། མདོ། ཀུན་གཞི་ནི། སེམས་ཙམ་པའི་གྲུབ་མཐའི་བཞེད་པ་གླེང་སྐབས་ཡིད་ཀྱི་མུན་སེལ་ལས། དེའང་། ཀུན་གཞི་ཀུན་གྱི་གཞི་ཡིན་ཏེ། ཞེས་པས་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་རྟེན་དུ་གནས་པ། ངོ་བོ་ལུང་མ་བསྟན། བསྒྲུབ་ན་སངས་རྒྱས་འབྱུང་བས་བདེ་བར་གཤེགས་པའི་སྙིང་པོའང་ཡིན་ལ། བག་ཆགས་ཀྱིས་འཁོར་བའི་སྣང་བའང་འགྲུབ་པར་བྱེད་པའི་རྟེན་དུ་འགྱུར་བར་བཤད་དེ། རྒྱན་སྟུག་པོ་བཀོད་པའི་མདོ་ལས། ཁྱད་པར་ཅན་གྱི་རྒྱུ་བརྗོད་པ། །ཅི་ནས་འབྱུང་བར་འགྱུར་བ་སྟེ། །རྒྱུ་མེད་པར་ཡང་མེད་པར་འགྱུར། །བྱ་མེད་པར་ཡང་མེད་པར་འགྱུར། །རྣམ་པར་བྱང་དང་ཐ་མི་དད། །ཀུན་གཞི་ཐ་དད་འགྱུར་བ་མིན། །ངེས་ཏེ་རྣམ་བྱང་ཐ་དད་ན། །ཀུན་གཞི་རྟག་པ་མ་ཡིན་འགྱུར། །སྔོན་མེད་འཇིག་མེད་རྟག་པ་སྟེ། །མཐའ་བཞི་རྣམ་པར་སྤང་བ་ཡིན། །དེ་བཞིན་གཤེགས་པའི་སྙིང་པོ་དག ། སྤྲུལ་པ་ཡེ་ཤེས་སྒྲ་ཡང་གྲགས། །ཕན་ཚུན་སྙིང་པོ་ཐ་མི་དད། །དཔེ་ནི་སོར་གདུབ་བཞིན་དུ་གནས། །ས་རྣམས་སྣ་ཚོགས་ཀུན་གཞི་སྟེ། །བདེ་བར་གཤེགས་པའི་སྙིང་པོའང་དེ། །སྙིང་པོ་དེ་ལ་ཀུན་གཞིའི་སྒྲས། །བདེ་བར་གཤེགས་པས་བསྟན་པར་མཛད། །སྙིང་པོ་ཀུན་གཞིར་བསྒྲགས་པར་མཛད། །བློ་ཞན་རྣམས་ཀྱིས་མི་ཤེས་སོ། །ཞེས་སོ། ། དབྱེ་ན་སྦྱོར་བ་དོན་གྱི་ཀུན་གཞི་ཟག་པ་མེད་པ་དང་། བག་ཆགས་ཐམས་ཅད་པའི་ཀུན་གཞི་ཟག་པ་དང་བཅས་པའོ། །དེའང་ངོ་བོ་ཁམས་སྙིང་པོ་ཡིན་པ། འགྱུར་བ་མེད་པ། མྱ་ངན་ལས་འདས་པའི་རྟེན་དུ་གྱུར་པའི་ཆ་ནས་ཟག་མེད་དུ་བཞག་ལ། མེ་ལོང་གཡའ་དག་པའི་ངོས་ལ་དྲི་མ་མེད་ཅིང་དྭངས་ཀྱང་། གཟུགས་བརྙན་མ་དག་པ་སྣ་ཚོགས་པའི་རྟེན་འཆར་གཞི་བྱེད་པའི་ཆ་ནས་མ་དག་པར་བཞག་པ་ལྟར་བག་ཆགས་སྣ་ཚོགས་ཀྱིས་ཟག་བཅས་སུ་བཞག་པའོ། །དེའང་བག་ཆགས་སྣ་ཚོགས་པས་དག་མ་དག་སྐྱེ་འགག་ལ་སོགས་པ་དུ་མར་སྣང་ཡང་། ཀུན་གཞི་སྔོན་དང་ཕྱིས་ལ་འགྱུར་བ་མེད་པ་མི་གཡོ་བའི་རང་བཞིན་ཡིན་པའི་ཕྱིར། དཔེར་ན་གཟུགས་བརྙན་གྱིས་མེ་ལོང་གི་ངོས་དུ་མར་འགྱུར་བའམ། ཉི་མའི་སྟོབས་ཀྱིས་ཟླ་བ་སྐྱེ་འབྲིར་སྣང་ཡང་། གཞི་དེ་ཉིད་འགྱུར་བ་མེད་པ་བཞིན་ཏེ། དེ་ཉིད་ལས། ཇི་ལྟར་ཟླ་བ་སྐྱེ་འབྲི་བ། །མི་ཤེས་འགྲོ་བ་རྣམ་རྟོག་ཀྱང་། །ཟླ་བ་སྐྱེ་འབྲི་མེད་པ་བཞིན། །གླིང་དང་གླིང་དུ་རབ་ཏུ་སྣང་། །དེ་བཞིན་ཀུན་གཞིའི་རྣམ་ཤེས་ལ། །བྱིས་པ་མི་ཤེས་འགྲོ་རྣམས་ཀྱིས། །རྟག་ཏུ་སྐྱེ་འབྲིར་རྣམ་རྟོག་སྟེ། །དེ་ནི་ཟག་མེད་སངས་རྒྱས་སོ། །ཞེས་པ་དང་། ཆོས་རྣམས་ཐམས་ཅད་ཀུན་གྱི་གཞི། །བག་ཆགས་སྙེམས་ལ་སོགས་པ་དང་། །རྟོག་པས་རྙོགས་མ་ཅན་དུ་བྱས། །གཞན་དུ་གྱུར་ན་ཟག་པ་མེད། །ཟག་མེད་རང་ལུགས་རང་ཐོབ་ན། །དེ་དག་བརྟན་ཅིང་རྟག་པར་འགྱུར། །ཞེས་སོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:ཀུན་གཞི་

|; |@@@ | | }}

ཀུན་གཞི་ (3)
Part of speech མིང་ཚིག
Definition ཀུན་གཞིའི་ངོ་བོ་ནི། ཚོགས་དྲུག་ལས་ངོ་བོ་ཐ་དད་པ་ཡོད་པ་མ་ཡིན་གྱི། རྣམ་པར་ཤེས་པ་གསལ་ཙམ་གྱི་ངོ་བོ་སེམས་ཅན་ནས་སངས་རྒྱས་ཀྱི་སའི་བར་དུ་རྒྱུན་མ་ཆད་པར་ཡོད་པ་འདི་ཉིད་དགེ་མི་དགེའི་རིས་སམ་ཡུལ་དྲུག་གི་ཕྱོགས་སུ་མ་ཆད་པར་རང་བཞིན་གྱིས་སྟོང་པས་བྱ་བྱེད་རུང་བའི་ཆ་ནས་ཀུན་གཞིར་འཇོག དེ་ཉིད་ཕུང་པོ་ལ་བརྟེན་ནས་ངའོ་སྙམ་དུ་འཛིན་པ་ངར་འཛིན་ལྷན་སྐྱེས་སུ་སོང་བའི་ཆ་ནི་ཉོན་ཡིད་དུ་འཇོག དེ་ཉིད་ཡུལ་དྲུག་གི་ནང་ནས་ཆོས་ཀྱི་ཕྱོགས་སུ་ཆད་པ་ནི་དྲུག་པ་ཡིད་ཀྱི་རྣམ་པར་ཤེས་པར་འཇོག་སྟེ། གསེར་དང་། གསེར་གྱི་རྣ་རྒྱན་དང་། གསེར་གྱི་མགུལ་རྒྱན་བཞིན་ཡིན་པས། ཕྱི་མ་གཉིས་ཀྱི་ཚེ་ན་ཡང་སྔ་མ་མེད་པ་ནི་མ་ཡིན་ནོ། །ལུགས་འདི་མ་ཤེས་པར་ཀུན་གཞི་དང་ཉོན་ཡིད་ཁས་ལེན་ན། སེམས་ཙམ་པའི་ལུགས་ལྟར་ཁས་ལེན་དགོས་སྙམ་ནས། དབུ་མ་ཐལ་འགྱུར་བས་དེ་དག་ཐ་སྙད་དུ་ཡང་ཁས་མི་ལེན་པར་འདོད་པ་ནི། གྲུབ་མཐའ་སོ་སོའི་རྣམ་དབྱེ་མ་ཆགས་པའོ། །ཞེས་དང་། སྒྲ་དོན་ནི། འགྲེལ་པར་དངོས་པོ་ཐམས་ཅད་ཀྱི་རང་བཞིན་རྗེས་སུ་ཞུགས་པའི་ཕྱིར། སྟོང་པ་ཉིད་ཁོ་ན་ཀུན་གཞི་རྣམ་པར་ཤེས་པའི་སྒྲས་བསྟན་པར་རིག་པར་བྱའོ། །ཞེས་གསུངས་ཏེ། ཅིའི་ཕྱིར་སྔར་གྱི་དེ་ལ་ཀུན་གཞི་ཞེས་བརྗོད་ཅེ་ན། སེམས་ཙམ་པ་ལྟར་བདེན་པར་གྲུབ་པས་འཁོར་འདས་ཀུན་གྱི་བག་ཆགས་ཀྱི་གཞིར་རུང་བས་ཀུན་གཞིར་འཇོག་པ་མ་ཡིན་གྱི། སྟོང་པ་ཉིད་ཁོ་ན་ཡིན་པས་ཀུན་གཞིར་འཇོག་སྟེ། སྟོང་པ་ཉིད་ཡིན་པས་དངོས་པོ་ཐམས་ཅད་ཀྱི་རང་བཞིན་རྒྱུ་རྗེས་སུ་ཞུགས་པའི་ཕྱིར་ཞེས་པ་སྟེ། འདི་ནི་དྭོགས་པའི་སྐབས་སུ་དངོས་པོ་ཐམས་ཅད་སྐྱེ་བའི་རྒྱུ་གསུངས་པ་གང་ཡིན་པ་དེ་ཞེས་པ། གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བ་ཉིད། །ཅེས་པའི་ཚུལ་གྱིས་འདི་ལ་ཚང་ཞེས་པའི་དོན་ཏོ། །འདིས་ནི་ཀུན་གཞིའི་སྒྲ་དོན་བསྟན་གྱི། སྟོང་ཉིད་ཀུན་གཞིར་བསྟན་པ་ཡང་མ་ཡིན་ཞིང་དགོངས་གཞི་དང་གདགས་གཞིར་བསྟན་པ་ཡང་མ་ཡིན་ཏེ། ལུགས་འདི་ལ་གདགས་གཞི་དང་བཏགས་ཆོས་སོ་སོར་ཕྱེ་བ་མེད་པའི་ཕྱིར་རོ། །ཞེས་ཀུན་མཁྱེན་གོ་རམས་པའི་འཇུག་པའི་དཀའ་འགྲེལ་ལས་གསུངས་སོ། ། རབ་ཏུ་དབྱེ་བ་ལ། ས་བོན་གྱི་ཆ་དང་། རྣམ་སྨིན་གྱི་ཆ་གཉིས། དང་པོ་ལ་གསུམ་སྟེ། མངོན་པར་བརྗོད་པའི་བག་ཆགས། བདག་ཏུ་ལྟ་བའི་བག་ཆགས། སྲིད་པའི་ཡན་ལག་གི་བག་ཆགས་སོ། །གཉིས་པ་ལ་ཁམས་ཀྱི་སྒོ་ནས་དབྱེ་ན། འདོད་པ། གཟུགས། གཟུགས་མེད་ཀྱི་ཀུན་གཞི་དང་གསུམ། སའི་སྒོ་ནས་དབྱེ་ན། འདོད་པའི་ཀུན་གཞི་ནས་སྲིད་རྩེའི་ཀུན་གཞིའི་བར་དགུའོ། །ཡང་ཀུན་གཞི་ལ་དབྱེ་ན་བཞི་སྟེ། འཕེན་པས་དབྱེ་བ་དང་། རྣམ་པར་སྨིན་པས་དབྱེ་བ་དང་། རྒྱུ་ཉིད་ཀྱིས་དབྱེ་བ་དང་། མཚན་ཉིད་ཀྱིས་དབྱེ་བའོ། །དང་པོ་ནི་ས་བོན་གྱི་ཆ་དང་། གཉིས་པ་ནི་རྣམ་སྨིན་གྱི་ཆ་དང་། གསུམ་པ་ནི་ཉོན་ཡིད་ཀྱིས་བདག་ཏུ་འཛིན་པའི་རྒྱུ་བྱེད་པའི་ཆ་དང་། བཞི་པ་ནི་སྔར་བཤད་པའི་མཚན་ཉིད་གསུམ་མོ་ཞེས་ཀུན་མཁྱེན་གོ་རམས་པའི་ཇི་སྙེད་ཤེས་བྱའི་སྒོ་འབྱེད་ལས་སོ། །

{{#arraymap:ཀུན་གཞི་

|; |@@@ | | }}

ཀུན་གཞི་ (4)
Part of speech མིང་ཚིག
Definition དགེ་མི་དགེའི་བག་ཆགས་ཀུན་འཛིན་པའི་རྣམ་ཤེས་ཤིག་ལ་ཀུན་གཞི་ཞེས་འཇོག་པ་ཡིན། ཀུན་གཞིའི་ཁྱད་ཆོས་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། ཀུན་གཞི་དེ་རང་བཞིན་གྱི་ཁྱད་པར་དུ་མ་དང་ལྡན་ཏེ། དམིགས་པའི་ཁྱད་པར་ནང་བག་ཆགས་དང་སྐྱེ་མཆེད་དྲུག་གི་ཕྱི་སྣོད་ཀྱི་འཇིག་རྟེན་རྣམས་ལ་དམིགས་པ་དང། རྣམ་པའི་ཁྱད་པར་སྔོ་སེར་སོགས་རིས་སུ་ཆད་པའི་རྣམ་ལྡན་མ་ཡིན་པར་ཡུལ་རིས་སུ་མ་ཆད་པའི་རྣམ་པ་ཅན་དང། ངོ་བོའི་ཁྱད་པར་མ་བསྒྲིབས་ལུང་མ་བསྟན་ཡིན་པ་དང། གྲོགས་ཀྱི་ཁྱད་པར་སེམས་བྱུང་ཀུན་འགྲོ་ལྔ་ཁོ་ན་དང་འགྲོགས་ཀྱི་དེ་ལས་གཞན་པའི་སེམས་སེམས་བྱུང་དང་གཏན་མི་འགྲོགས་པ་དང། འཇུག་པའི་ཁྱད་པར་འཁོར་བའི་གནས་སྐབས་ཀྱི་མཉམ་རྗེས་ཐམས་ཅད་དུ་འཇུག་པ་དང། བཟློག་པའི་ཁྱད་པར་ཐེག་ཆེན་པ་ལྟར་ན། ས་བརྒྱད་པ་ནས་དང། ཐེག་དམན་པ་ལྟར་ན། དགྲ་བཅོམ་པ་གཉིས་ཐོབ་ནས་བཟློག་པའི་ཕྱིར་ཏེ། སུམ་ཅུ་པར། ངོ་བོ་མ་བསྒྲིབས་ལུང་མ་བསྟན། །རེག་ལ་སོགས་པའང་དེ་བཞིན་ཏེ། །དེ་ནི་རྒྱུན་འབབ་ཆུ་བོ་བཞིན། །དགྲ་བཅོམ་ཉིད་ནས་དེ་བཟློག་གོ ། ཞེས་གསུངས། དེ་ཡང་བཟློག་པའི་ཁྱད་པར་གྱི་སྐབས་སུ་ཐེག་ཆེན་གྱི་ས་བརྒྱད་པ་དང། ཐེག་དམན་གྱི་དགྲ་བཅོམ་ཐོབ་ནས་བཟློག་པར་གསུངས་པ་ནི། ཀུན་གཞི་ལ་དམིགས་ནས་བདག་ཏུ་འཛིན་པའི་ཉོན་ཡིད་མངོན་གྱུར་པ་བཟློག་པ་ལ་དགོངས་ཀྱི། སྤྱིར་ས་བརྒྱད་པ་ཡན་ཆད་དང། ལྷག་བཅས་མྱང་འདས་ལ་གནས་པའི་དགྲ་བཅོམ་གྱི་སྐབས་སུ་མི་བཟློག་པར་ཡང་སེམས་ཏེ་དཔྱད་པར་བྱའོ། །ཞེས་གསུངས། མིང་གི་རྣམ་གྲངས། ཀུན་གཞིའི་རྣམ་ཤེས། རྩ་བའི་རྣམ་ཤེས། རྣམ་པར་སྨིན་པའི་རྣམ་ཤེས། ས་བོན་ཐམས་ཅད་པའི་རྣམ་ཤེས། སྲིད་པའི་རྒྱུའི་རྣམ་ཤེས། ལེན་པའི་རྣམ་ཤེས་སོགས་མཐའ་ཡས།

{{#arraymap:ཀུན་གཞི་

|; |@@@ | | }}

ཀུན་གཞི་ (5)
Part of speech མིང་ཚིག
Definition སེམས་ཏེ། སེམས་ནི་འཁོར་འདས་ཀུན་གྱི་གཞི་མ་ཡིན་པས་ནའོ། །
Type མངོན་བརྗོད།

{{#arraymap:ཀུན་གཞི་

|; |@@@ | | }}