From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་ཡང་དག་ (1)
| Part of speech
|
མིང་ཚིག
|
| Definition
|
སྒྲུབ་ངག་ཡང་དག་ལ་གཉིས་སུ་དབྱེ་བའི་ཡ་གྱལ་ཞིག་སྟེ། མཚན་ཉིད། རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་ཡང་དག་གི་མཚན་ཉིད། རྒོལ་བ་རང་གིས་ཚད་མས་གྲུབ་པའི་ཕྱོགས་ཆོས་དང་རྗེས་ཁྱབ་ཕྱིར་རྒོལ་ལ་དངོས་སུ་ལྷག་ཆད་མེད་པར་སྟོན་པའི་ངག་ཡན་ལག་གཉིས་ལྡན།
|
| Example
|
གང་བྱས་མི་རྟག་དཔེར་ན་བུམ་པ་བཞིན་སྒྲ་ནི་བྱས་ཞེས་པའི་ངག་ལྟ་བུའོ། །ཞེས་གསུངས།
|
| Domain
|
ཚད་མ།
|
ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་ཡང་དག་ (2)
| Part of speech
|
མིང་ཚིག
|
| Definition
|
ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་ཡང་དག་ཅེས་པ་ནི། ཕྱོགས་ཆོས་དང་རྗེས་ཁྱབ་དངོས་སུ་བརྗོད་ནས་ལྡོག་ཁྱབ་ཤུགས་ལ་བརྗོད་པའི་སྒྲུབ་ངག་ཡང་དག་ཅིག་ལ་ཟེར། དེ་ལྟར་ཡང་མཁས་གྲུབ་སྦྱིན་པ་དར་རྒྱས་ཀྱིས་མཛད་པའི་དགའ་བྱང་བློ་རིག་གི་རྣམ་གཞག་ལེགས་བཤད་ཀུན་འདུས་ལུང་རིགས་ཀྱི་བང་མཛོད་ལས། སྒྲུབ་ངག་ཡང་དག་ལ་དབྱེ་ན། ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་ཡང་དག་དང། ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་ཡང་དག་གཉིས། དང་པོ་ལ། ཕྱོགས་ཆོས་སྔོན་འགྲོ་ཅན་གྱི་ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་ཡང་དག་དང། ཁྱབ་པ་སྔོན་འགྲོ་ཅན་གྱི་སྒྲུབ་ངག་ཡང་དག་གཉིས་ལས། དང་པོ་ནི། སྒྲ་ནི་བྱས། བྱས་ན་མི་རྟག་པས་ཁྱབ། དཔེར་ན་བུམ་པ་བཞིན། སྒྲ་ཡང་བྱས་སོ། །ཞེས་པའི་སྒྲུབ་ངག་ལྟ་བུའོ། །གཉིས་པ་ནི། བྱས་ན་མི་རྟག་པས་ཁྱབ། དཔེར་ན་བུམ་པ་བཞིན། སྒྲ་ཡང་བྱས་སོ། །ཞེས་པ་ལྟ་བུའོ། །ཞེས་གསུངས་སོ། །
|